ཧྭ་ཝེའི་རིག་ལྡན་འཚོ་བ་དང་སྒེར་གསང་སྐོར་གྱི་གསལ་བསྒྲགས།

གསར་སྒྱུར་གྱི་ཚེས་གྲངས། 2022 ལོའི་ཟླ་བ་ 2 པའི་ཚེས་ 28 ཉིན།

ཧྭ་ཝེའི་རིག་ལྡན་འཚོ་བ་ཞེས་པ་ནི་ཧྭ་ཝེ་མཉེན་ཆས་ལག་རྩལ་ཚད་ཡོད་ཀུང་སི་ (གཤམ་དུ་ང་ཚོའམ་ཧྭ་ཝེ་ཞེས་འབོད།) ཡིས་ཁྱེད་ལ་རིག་ལྡན་སྒྲིག་ཆས་ཚོད་འཛིན་དང་དོ་དམ་གྱི་ཞབས་ཞུ་མཁོ་འདོན་བྱེད་པའི་ཉེར་སྤྱོད་ཅིག་ཡིན། ཧྭ་ཝེ་ཡིས་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་དང་སྒེར་གསང་སྲུང་སྐྱོབ་བྱེད་པར་ཧ་ཅང་མཐོང་ཆེན་བྱེད། ང་ཚོས་ཁྲིམས་ལུགས་ཀྱི་རེ་འདུན་དང་ལས་རིགས་ཀྱི་གནད་སྨིན་གྱི་བདེ་འཇགས་ཚད་གཞི་ལྟར་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་ལ་དེ་མཚུངས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱ་ཐབས་མཁོ་འདོན་བྱེད།

ལས་སྒོ་འཕེལ་རྒྱས་དང་། ལེགས་སུ་གཏོང་བའི་དབང་གིས་གསང་བའི་གསལ་བསྒྲགས་གསར་སྒྱུར་བྱེད་པས། ཁྱེད་ཀྱིས་ཐེངས་འདིའི་གསང་བའི་གསལ་བསྒྲགས་ཀྱི་གསར་སྒྱུར་ནང་དོན་ཞིབ་ཏུ་གཟིགས་རོགས།

1. ཧྭ་ཝེའི་རིག་ལྡན་འཚོ་བའི་མི་སྒེར་གྱི་ཆ་འཕྲིན་ཐག་གཅོད་བྱེད་མཁན་ནི་ཧྭ་ཝེ་མཐའ་སྣེ་ཚད་ཡོད་ཀུང་སི་ནས་ཧྭ་ཝེ་མཉེན་ཆས་ལག་རྩལ་ཚད་ཡོད་ཀུང་སིར་བསྒྱུར་རྒྱུ་ཡིན། ཧྭ་ཝེ་མཉེན་ཆས་ལག་རྩལ་ཚད་ཡོད་ཀུང་སིས་སྒེར་གྱི་ཆ་འཕྲིན་ཐག་གཅོད་མཁན་གྱི་འོས་འགན་མུ་མཐུད་དུ་བསྒྲུབ་རྒྱུ་ཡིན་པས། ཁྱེད་ཀྱིས་གསང་བའི་གསལ་བསྒྲགས་འདིའི་ནང་ང་ཚོར་འབྲེལ་གཏུག་ཇི་ལྟར་བྱེད་དགོས་པའི་ས་བཅད་ནང་གི་ གསལ་བཤད་བྱེད་ཐབས་སྤྱད་དེ་ང་ཚོ་དང་འབྲེལ་བ་བྱེད་དགོས།

2. རིག་ལྡན་སྒྲིག་ཆས་སྤྲིན་ཞབས་ཞུའི་ས་བཅད་ཁྲོད་དུ། ལམ་སྟོན་སྒྲིག་ཆས་ནས་བསྡུ་རུབ་བྱས་པའི་མི་སྒེར་གྱི་ཆ་འཕྲིན། དཔེར་ན་ PPP ཐོ་ཨང་གི་ཆ་འཕྲིན། དེ་བཞིན་མི་སྒེར་གྱི་ཆ་འཕྲིན་ཐག་གཅོད་བྱ་ཐབས་ཁ་གསབ་བྱས་ཡོད།

3. ཁྱིམ་ཡོངས་ཀྱི་རིག་ལྡན་ཡན་ལན་རྒྱུད་ཁོངས་ཁྲོད་ཀྱི་གནས་ཡུལ་ཞབས་ཞུ་གཞིར་བྱས་པའི་རྩོལ་ནུས་ཀྱིས་འབྲེལ་ཡོད་ཀྱི་ཞིབ་བརྗོད་གསར་སྣོན་བྱས་ཡོད། རགས་བསྡུས་ཀྱི་གནས་ཡུལ་གྱི་ཆ་འཕྲིན་གྱི་བསྡུ་རུབ་དང་བེད་སྤྱོད་ཀྱི་གསལ་བཤད་གསར་སྣོན་བྱས་ཡོད།

ང་ཚོས་ཁྱེད་ཀྱི་ཧྭ་ཝེའི་ཐོ་ཨང་གི་ཆ་འཕྲིན་སྤྱད་ནས་རིག་ལྡན་འཚོ་བའི་ཉེར་སྤྱོད་ཀྱི་ཞབས་ཞུ་ཆས་ཀྱི་ལྟ་སྤྱོད་དབང་ཚད་ཐོབ་ཐབས་བྱེད་སྲིད་དེ། གལ་ཏེ་ཁྱེད་ཀྱིས་ཧྭ་ཝེའི་ཐོ་ཨང་གི་ཆ་འཕྲིན་མཁོ་འདོན་མི་བྱེད་ཚེ། ཁྱེད་ཀྱིས་རིག་ལྡན་འཚོ་བས་མཁོ་འདོན་བྱས་པའི་ཞབས་ཞུ་ཁ་ཤས་སྤྱོད་ཐབས་བྲལ་སྲིད།

ང་ཚོས་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་བྱས་ཏེ་རིག་ལྡན་སྒྲིག་ཆས་དོ་དམ་གྱི་གཞི་རྩའི་ཞབས་ཞུ་དང་། སྤྱོད་མཁན་གྱི་བཟོ་ལྗོངས། ཁྱིམ་ཚང་གི་དོ་དམ་དང་གནད་དོན་ལྡོག་འདྲེན་སོགས་རྩོལ་ནུས་སྤེལ་བདེ་བར་བྱ་ལ། ཞིབ་ཕྲ་གཞུང་དངོས་སུ་ཞིབ་བརྗོད་བྱས་པ་བཞིན་ཡིན།

ང་ཚོས་ད་དུང་ཁྱེད་ལ་ཁྲོམ་ར་དང་། གླེང་སྟེགས་དང་སྤྱོད་མཁན་གྱི་ཉམས་ལེན་ལེགས་བཅོས་འཆར་གཞི་མཁོ་འདོན་བྱེད། ཞིབ་ཕྲ་གཞུང་དངོས་སུ་ཞིབ་བརྗོད་བྱས་པ་བཞིན་ཡིན།

ང་ཚོས་སྐྱེ་ཁམས་རོགས་ཟླ་དང་མཉམ་འབྲེལ་སྒོས་ཁྱེད་ལ་སྒྲིག་ཆས་མཉམ་སྤྱོད་ཀྱི་རྩོལ་ནུས་མཁོ་འདོན་བྱེད་ལ། ཁྱེད་ཀྱི་སྒྲིག་ཆས་ཆ་འཕྲིན་དེ་སྐྱེ་ཁམས་རོགས་ཟླར་མཉམ་སྤྱོད་བྱས་ནས་སྔར་བས་སྤུས་ལེགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་བདེ་བ་བཟོ་སྲིད།

ང་ཚོས་ཁྱེད་ཀྱི་ཧྭ་ཝེའི་ཐོ་ཨང་གི་ཆ་འཕྲིན་དང་། དེ་བཞིན་རིག་ལྡན་འཚོ་བའི་ཉེར་སྤྱོད་ཀྱི་ཆ་འཕྲིན་དང་དེའི་ནང་བསྡམ་པའི་སྒྲིག་ཆས་ཀྱི་ཆ་འཕྲིན་བེད་སྤྱད་དེ་རྩོལ་ནུས་ལེགས་བཅོས་བྱེད་པ་དང་འབྲེལ་ཁྱེད་ལ་མི་སྒེར་གྱི་ཁྱད་ཆོས་ལྡན་པའི་འོས་སྦྱོར་མཁོ་འདོན་བྱེད། ཞིབ་ཕྲ་གཞུང་དངོས་སུ་ཞིབ་བརྗོད་བྱས་པ་བཞིན་ཡིན།

ཁྱེད་རང་བྱེད་སྒོའི་ནང་ཞུགས་ནས་དངོས་རྫས་ཀྱི་བྱ་དགའ་ཐོབ་པའམ་ཡང་ན་ལག་རྟགས་སོགས་ཀྱི་བྱ་དགའ་ལེན་སྐབས་ཁྱེད་རང་ལ་དངོས་རྫས་ཀྱི་བྱ་དགའ་སྤྲོད་ཆེད། ང་ཚོས་ཕྱོགས་གསུམ་པའི་ཟོག་འགྲེམས་ཀུང་སི་ལ་ཁྱེད་ཀྱི་འབྲེལ་གཏུག་བྱ་ཐབས་མཁོ་འདོན་བྱེད་དགོས། ཞིབ་ཕྲ་གཞུང་དངོས་སུ་ཞིབ་བརྗོད་བྱས་པ་བཞིན་ཡིན།

1 ང་ཚོས་ཇི་ལྟར་ཁྱེད་རང་གི་མི་སྒེར་གྱི་ཆ་འཕྲིན་འཚོལ་སྡུད་དང་བེད་སྤྱོད་བྱེད།

ཁྱེད་རང་གིས་ མི་སྒེར་གྱི་ཆ་འཕྲིན་འཚོལ་སྡུད་ཀྱི་ཞིབ་ཐོ་ (https://privacy.consumer.huawei.com/legal/smarthome/privacy-statement.htm?code=CN&language=bo-cn&branchid=999&contenttag=di)ལ་ལྟ་སྤྱོད་བྱེད་པ་བརྒྱུད་ཚད་ཡོངས་ཀྱི་རྩོལ་ནུས་ཞབས་ཞུའི་འོག་མི་སྒེར་གྱི་ཆ་འཕྲིན་བེད་སྤྱོད་ཀྱི་གནས་ཚུལ་མགྱོགས་མྱུར་ངང་ཤེས་རྟོགས་བྱེད་ཐུབ། རྩོལ་ནུས་སོ་སོས་མི་སྒེར་གྱི་ཆ་འཕྲིན་བསྡུ་ལེན་བྱེད་པའི་ཞིབ་ཕྲའི་གནས་ཚུལ་འོག་གི་གསལ་བཤད་ལ་ལྟ་ཞིབ་བྱེད་ཆོག

1.1 ང་ཚོས་རིག་ལྡན་འཚོ་བ་བརྒྱུད་ནས་ཁྱེད་ལ་གཤམ་གྱི་ལས་སྒོའི་རྩོལ་ནུས།/ཞབས་ཞུ་འདོན་སྤྲོད་བྱེད། ཁྱེད་ཀྱིས་འབྲེལ་ཡོད་ལས་སྒོའི་རྩོལ་ནུས།/ཞབས་ཞུ་བཀོལ་སྤྱོད་བྱེད་པའི་བརྒྱུད་རིམ་ཁྲོད། ང་ཚོས་གཤམ་གྱི་རྩོལ་ནུས།/ཞབས་ཞུ་འདོན་སྤྲོད་བྱེད་པ་ལ་ངེས་པར་དུ་མཁོ་བའི་ཆ་འཕྲིན་ཐག་གཅོད་བྱས་ཏེ། གན་རྒྱ་འཇོག་བདེ་བ་དང་ང་ཚོའི་གན་རྒྱའི་འོས་འགན་འགྲུབ་བདེ་བར་བྱེད། གལ་ཏེ་ཁྱེད་ཀྱིས་འབྲེལ་ཡོད་ཀྱི་ཆ་འཕྲིན་འདོན་སྤྲོད་མ་བྱས་ན། ཁྱེད་ཀྱིས་ཉེར་སྤྱོད་འདིའི་འབྲེལ་ཡོད་ཀྱི་རྩོལ་ནུས་དང་ཞབས་ཞུ་བཀོལ་སྤྱོད་བྱེད་པར་ཤུགས་རྐྱེན་ཐེབས་ངེས། རིག་ལྡན་འཚོ་བའི་རྨང་གཞིའི་རྩོལ་ནུས།/ཞབས་ཞུའི་གནས་ཚུལ་ཞིབ་ཕྲ་གཤམ་ལྟར་བསྟན།

1.1.1 ཐོ་ཨང་ཐོ་འཇུག

ཁྱེད་ཀྱིས་རིག་ལྡན་འཚོ་བའི་ཞབས་ཞུ་བེད་སྤྱོད་པ་དང་རིག་ལྡན་སྒྲིག་ཆས་དོ་དམ་བྱེད་པ་ལ་ང་ཚོས་ཁྱེད་ཀྱི་གཤམ་གསལ་ཆ་འཕྲིན་བསྡུ་རུབ་བྱེད་དགོས་ཏེ། ཁྱེད་ཀྱི་ཧྭ་ཝེའི་ཐོ་ཨང་གི་སྤྱོད་མཁན་གྱི་མིང་།ཐོ་འཇུག་གསང་གྲངས། གཅེས་མིང་། མགོ་པར་བཅས་ཡིན། དེའི་ཁྲོད་དུ་གསང་གྲངས་ནི་མི་སྒེར་གྱི་ཚོར་སྣང་རྐྱེན་པའི་ཆ་འཕྲིན་དུ་གཏོགས། ཆ་འཕྲིན་འདི་རིགས་བསྡུ་རུབ་བྱེད་པའི་དམིགས་ཡུལ་ནི་ཧྭ་ཝེའི་ཐོ་ཨང་གི་ཞབས་ཞུའི་སྟེགས་བུར་ཐོ་འཇུག་བྱས་ནས་སྤྱོད་མཁན་ཐོབ་ཐང་ར་སྤྲོད་དང་། རིག་ལྡན་འཚོ་བའི་ཉེར་སྤྱོད་ཞབས་ཞུའི་སྟེགས་བུར་ལྟ་སྤྱོད་བྱེད་པའི་དབང་ཚད་ཐོབ་ཆེད་དུ་ཡིན།

ང་ཚོས་གཤམ་གྱི་བྱེད་ཐབས་ལྟར་ཁྱེད་ཀྱི་མི་སྒེར་ཆ་འཕྲིན་བེད་སྤྱོད་དེ།ཁྱེད་ཀྱིས་ནང་འཇུག་བྱས་པའི་ཧྭ་ཝེའི་ཐོ་ཨང་གི་སྤྱོད་མཁན་གྱི་མིང་དང་ཐོ་འཇུག་གསང་གྲངས་ཀྱི་ར་སྤྲོད་ཆ་འཕྲིན་གསང་སྡོམ་བྱས་ཏེ་ཧྭ་ཝེའི་ཐོ་ཨང་གི་ཞབས་ཞུའི་སྟེགས་བུར་བརྒྱུད་སྐུར་བྱས་ནས་ཐོ་འཇུག་ར་སྤྲོད་བྱེད་སྲིད། ཉེར་སྤྱོད་རང་གནས་དང་ཞབས་ཞུའི་སྟེགས་བུར་ཁྱེད་ཀྱིས་ནང་འཇུག་བྱས་པའི་ཆ་འཕྲིན་ཉར་ཚགས་བྱེད་མི་སྲིད།

གལ་ཏེ་ཁྱེད་ཀྱིས་ཆ་འཕྲིན་འདི་རིགས་མཁོ་འདོན་མི་བྱེད་པ་དང་། ཧྭ་ཝེའི་ཐོ་ཨང་ཐོ་འཇུག་བྱས་མེད་ཚེ། ཧྭ་ཝེའི་རིག་ལྡན་འཚོ་བའི་ལས་སྒོ་བེད་སྤྱོད་གཏོང་མི་ནུས། ཧྭ་ཝེའི་ཐོ་ཨང་ཐོ་འཇུག་བྱས་རྗེས། རིག་ལྡན་འཚོ་བའི་ཉེར་སྤྱོད་ཀྱིས་རང་འགུལ་ཐོག་ནས་དྲ་གྲངས་ཀྱི་གཅེས་མིང་དང་མགོ་རིས་ཐོབ་ཐབས་བྱེད་སྲིད་ཅིང་། ཉེར་སྤྱོད་ཀྱི་མཚམས་ངོས་སུ་འཆར་སྲིད།

1.1.2 རིག་ལྡན་སྒྲིག་ཆས་དོ་དམ་གྱི་རྨང་གཞིའི་ཞབས་ཞུ།

རིག་ལྡན་སྒྲིག་ཆས་རྙེད་ཐུབ་པ་དང་ WLAN དྲ་རྒྱ་དང་སྦྲེལ་མཐུད་བྱ་ཆེད། རིག་ལྡན་འཚོ་བའི་ཉེར་སྤྱོད་ཀྱིས་ལག་ཁྱེར་ཁ་པར་གྱི་གནས་ཡུལ་དབང་ཚད་ལ་ལྟ་སྤྱོད་བྱ་དགོས་ཤིང་། WLAN རེའུ་མིག་དང་ཁྱེད་ཀྱིས་ནང་འཇུག་བྱས་པའི་ WLAN མིང་། WLAN ཡི་གསང་གྲངས་བཅས་ལེན་དགོས། དེའི་ནང་གི་ WLAN ཡི་གསང་གྲངས་ནི་མི་སྒེར་གྱི་ཚོར་སྣང་སྐྱེན་པོའི་ཆ་འཕྲིན་གྱི་ཁོངས་སུ་གཏོགས། གོང་བརྗོད་ཀྱི་ཆ་འཕྲིན་ནི་གནས་འདི་ག་ཁོ་ནར་བེད་སྤྱོད་བྱེད་པ་ཡིན་པ་ལས་ཞབས་ཞུ་ཆས་ཀྱི་ཐོག་ཏུ་ཡར་མི་སྐུར།

ཁྱེད་ཀྱིས་སྒྲིག་ཆས་དང་སྡོམ་པར་སྟབས་བདེ་ཡོང་ཆེད། ཁྱེད་ཀྱིས་རིག་ལྡན་འཚོ་བའི་ཉེར་སྤྱོད་ནས་གསང་གྲངས་ཡིད་ལ་འཛིན་པ་སྒྲིག་འགོད་བྱེད་ཆོག WLAN ཡི་གསང་གྲངས་དེ་གསང་སྡོམ་བྱས་ནས་རིག་ལྡན་འཚོ་བའི་ཉེར་སྤྱོད་ཀྱི་རང་གནས་སུ་ཉར་ཚགས་བྱས་ཏེ། རྗེས་མར་སྒྲིག་ཆས་དང་བསྡམ་སྐབས་བེད་སྤྱོད་བྱ་ལ། ཡང་བསྐྱར་ WLAN ཡི་གསང་གྲངས་ནང་འཇུག་བྱེད་མི་དགོས། འོན་ཀྱང་ཁྱེད་ཀྱིས་གསང་གྲངས་ཡིད་ལ་འཛིན་པ་སྒྲིག་འགོད་མི་བྱེད་ཚེ། སྒྲིག་ཆས་སྡོམ་པའི་རྩོལ་ནུས་བེད་སྤྱོད་བྱེད་པར་ཤུགས་རྐྱེན་མི་ཐེབས།

གལ་ཏེ་ཁྱེད་ཀྱིས་རང་འགུལ་གྱིས་WLAN མིང་དང་WLAN གསང་གྲངས་ལེན་པར་རྒྱབ་སྐྱོར་བྱེད་པའི་ཧྭ་ཝེའི་ལག་ཁྱེར་ཁ་པར་རམ་ཡང་ན་ལམ་སྟོན་ཆས་སྤྱད་ཚེ། WLAN མིང་དང་WLAN གསང་གྲངས་རང་འགུལ་གྱིས་ཁ་སྐོང་བྱས་ནས་སྒྲིག་ཆས་དང་བསྡམ་པ་ལ་སྤྱོད་སྲིད།

རིག་ལྡན་སྒྲིག་ཆས་ཀྱི་སྦྲེལ་མཐུད་དང་། ཚོད་འཛིན་དང་དོ་དམ་སྒྲིག་ཆས་ཀྱི་རྩོལ་ནུས་མངོན་འགྱུར་ཡོང་ཆེད། ང་ཚོས་ཁྱེད་ཀྱི་གཤམ་གསལ་ཆ་འཕྲིན་བསྡུ་རུབ་བྱ་དགོས་ཏེ། སྒྲིག་ཆས་ཀྱི་མིང་དང་། བཟོ་རྟགས། པར་གཞི། ཐོན་སྐྱེད་བཟོ་གྲྭ། སྒྲིག་ཆས་ཀྱི་གསལ་བྱེད་རྟགས། MAC གནས་ཡུལ། IP གནས་ཡུལ། སྒྲིག་ཆས་འཁོར་སྐྱོད་ཀྱི་རྣམ་པ། སྒྲིག་ཆས་ཀྱི་རང་གཤིས་ཅན་གྱི་སྒྲིག་འགོད་གཞི་གྲངས། ལས་སྒོའི་དོན་རྐྱེན་དང་སྒྲིག་ཆས་ཚོད་འཛིན། དེ་བཞིན་བེད་སྤྱོད་ཀྱི་ཟིན་ཐོ་བཅས་བསྡུ་རུབ་བྱེད་དགོས། ཆ་འཕྲིན་དེ་རིགས་བསྡུ་རུབ་བྱེད་པའི་དམིགས་ཡུལ་ནི་རིག་ལྡན་སྒྲིག་ཆས་དང་སྦྲེལ་ནས། སྒྲིག་ཆས་ལ་ཚོད་འཛིན་དང་དོ་དམ་བྱེད་པ་དང་། དེ་བཞིན་སྒྲིག་ཆས་ཀྱི་ངོ་བོ་དང་ཞུགས་གྲངས་སྒྲིག་འགོད་བྱེད་པ། སྒྲིག་ཆས་ཀྱི་ལས་ཀའི་རྣམ་པ་དང་ལོ་རྒྱུས་ཀྱི་ཟིན་ཐོར་ལྟ་ཞིབ་བྱེད་པ། སྒྲིག་ཆས་དང་ཞབས་ཞུའི་གཉེར་སྐྱོང་རྣམ་པའི་བསྡོམས་རྩིས་དང་། ཞིབ་བཤེར། ཞིབ་འཇུག་བཅས་བྱས་ནས་རིག་ལྡན་སྒྲིག་ཆས་ཀྱི་སྤུས་ཚད་དང་ཞབས་ཞུ་ལེགས་སུ་གཏོང་རྒྱུ་དེ་རེད།

ང་ཚོས་གཤམ་གྱི་རྣམ་པ་ལྟར་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་བཀོལ་སྤྱོད་བྱ་སྟེ། གོང་དུ་བརྗོད་པའི་ཆ་འཕྲིན་ལ་གསང་གྲངས་བཀོད་ནས་ཞབས་ཞུ་སྟེགས་བུར་བསྐུར་ཏེ་ཉར་ཚགས་བྱ་སྲིད་ལ། རིག་ལྡན་འཚོ་བའི་ཉེར་སྤྱོད་ཀྱིས་ཁྱེད་ཀྱི་དབང་བཅོལ་ལྟར་ཞབས་ཞུ་ཡོ་ཆས་ནས་གཞི་གྲངས་འཚོལ་བཤེར་བྱེད་པ་མ་ཟད། སྒྲིག་ཆས་ཀྱི་དྲ་ངོས་སུ་འཆར་བར་བྱེད།

གལ་ཏེ་ཁྱེད་ཀྱིས་རིགས་འདིའི་ཆ་འཕྲིན་མཁོ་སྤྲོད་མི་བྱེད་ཚེ། ཧྭ་ཝེའི་རིག་ལྡན་འཚོ་བའི་ཉེར་སྤྱོད་ཀྱི་སྒྲིག་ཆས་རྙེད་པ་དང་སྡོམ་པ། ཚོད་འཛིན་དང་དོ་དམ་གྱི་རྩོལ་ནུས་སྤྱོད་ཐབས་བྲལ།

གོང་བརྗོད་གཞི་གྲངས་བསྡུ་རུབ་བྱེད་པར་གཤམ་གྱི་སྒྲིག་ཆས་འདུས་ཏེ།

ལམ་སྟོན་ཆས་ཀྱི་སྒྲིག་ཆས་ལ་ཁྱིམ་ཚང་ལམ་སྟོན་ཆས་སྣ་ཚོགས་དང་། འགྲུལ་མཐུན་WIFIསོགས་ཚུད་ཡོད།

འོད་འགྱེད་རིགས་ཀྱི་སྒྲིག་ཆས་ལ། རིགས་སྣ་ཚོགས་ཀྱི་གསལ་སྒྲོན། ལྗོངས་རྣམ་གློག་ཞུ། ཀློག་འདོན་སྟེགས་བུའི་གློག་ཞུ། རིག་ལྡན་གློག་ཞུའི་སྒྲོག་བུ། དྲི་ཞིམ་གློག་ཞུ། རོལ་དབྱངས་གློག་ཞུ་སོགས་ཚུད་ཡོད།

གྱོན་འོས་རིགས་ཀྱི་སྒྲིག་ཆས་ལ། དེའི་ནང་རིག་ལྡན་ལག་འདོགས་ཆུ་ཚོད། ལག་གདུབ་ཚུད།

ནུས་གྲོན་རིགས་ཀྱི་སྒྲིག་ཆས། རིགས་སྣ་ཚོགས་ཀྱི་བསྒར་གདན། བསྒར་པང་། རིག་ལྡན་བསད་སྤར། གློག་ཆས་ཚོད་འཛིན་དྲ་སྒོ། རྩོལ་ནུས་མང་ཅན་གྱི་བསད་སྤར་བསྡུ་ལེན་ཆས། གློག་ཚད་ལྟ་འཛིན་བསད་སྤར་སོགས་ཚུད་ཡོད།ཛ

ཁོར་ཡུག་རིགས་ཀྱི་སྒྲིག་ཆས། རིགས་སྣ་ཚོགས་ཀྱི་སྤྱིར་བཏང་གི་དྲོད་སྙོམ། ལྟེ་བའི་དྲོད་སྙོམ། རླུང་འཕྲུལ་གསར་བ། མཁའ་དབུགས་སྤུས་འཇལ་ཆས། ཁོར་ཡུག་དཔྱད་གྲངས་འཇལ་ཆས། མཁའ་དབུགས་གཙང་བཟོ་ཆས། རིག་ལྡན་རླུང་གཡབ། བཞའ་སྣོན་ཆས། དྲོད་རླུང་མ་ལག་དྲོད་སྙོམས་ཀྱི་ལྷན་སྒྲིག་སོགས་ཚུད་ཡོད།

གཙང་སྦྲའི་རིགས་ཀྱི་སྒྲིག་ཆས་ལ། རིགས་སྣ་ཚོགས་ཀྱི་གད་བདར་འཕྲུལ་མི། སྒེའུ་ཁུང་ཕྱི་བའི་འཕྲུལ་མི། རིག་ལྡན་རྡུལ་རྔུབ་ཆས། ལྷམ་སྒྲོམ་གསོ་སྐྱོང་ཆས། རིག་ལྡན་གད་སྙིགས་སྒམ། ཚ་དབུར་ཆས་སོགས་ཚུད།

ཐབ་གློག་རིགས་ཀྱི་སྒྲིག་ཆས་ལ། རིགས་སྣ་ཚོགས་ཀྱི་སྲན་ཁུ་དཀྲུགས་ཆས་དང་གློག་བསྲེགས་སྒམ། སྣུམ་དུད་འདྲེན་ཆས། རླངས་བཙོས་སྒམ། སོབ་གོར་ཆས། གློག་གི་བ་མ། རླབས་ཕྲན་ཐབ་ཀ ཤུབས་གཏོར་ཆས། ལུས་གསོའི་རྫ་མ། རླངས་འགད་བ་མ། ཚོད་གཡོལ་འཕྲུལ་ཆས། ཆུ་གཙང་ཆས། དཀར་ཡོལ་འཁྲུད་ཆས། ཞིམ་རྗས་སྣོད། ཇ་ཕོར་སོགས་ཚུད་ཡོད།

ལུས་རྩལ་རིགས་ཀྱི་སྒྲིག་ཆས་ལ་རྒྱུགས་ཤར་གློད་པའི་འཕྲུལ་འཁོར་དང་། གློག་སྒུལ་འཕྲུལ་འཁོར། ལུས་རྩལ་གྱི་རྒྱབ་ཁུག ལུས་སྦྱོང་ཡོ་བྱད་སོགས་ཚུད་ཡོད།

བདེ་ཐང་རིགས་ཀྱི་སྒྲིག་ཆས་ལ་འཕུར་མཉེད་ཆས་དང་། ལྗིད་ཚད་རྒྱ་མ། ལུས་པོའི་ཚིལ་འབོད། ཁྲག་གནོན་འཇལ་ཆས། ཁྲག་ཧྭགས་འཇལ་ཆས། གློག་སྒུལ་སོ་ཤད་སོགས་འདུས།

ཁྱིམ་སྤྱོད་རིགས་ཀྱི་སྒྲིག་ཆས་ལ་རིགས་ཁག་གི་དྲ་སྒོའི་ངོས་དང་། འབྲིང་འཛིན་གཙོ་འཁོར། རིག་ལྡན་བསད་སྤར་སོགས་ཚུད་ཡོད།

བདེ་འཇགས་སྔོན་འགོག་རིགས་ཀྱི་སྒྲིག་ཆས་ལ། རིགས་སྣ་ཚོགས་ཀྱི་བརྒྱུད་ཚོར་ཡོ་ཆས་དང་། སྒོའི་དྲིལ་བུ། དྲ་སྒོ། ཉེན་རྟོག་འབོད་ཆས། རྒྱང་འཛིན། མྱུར་ཚབ་མཐེབ་གནོན་སོགས་ཚུད་ཡོད།

བརྙན་སྒྲའི་རིགས་ཀྱི་སྒྲིག་ཆས་ཏེ། དེའི་ཁོངས་སུ་སྒྲ་སྒམ་དང་། རིག་ལྡན་བརྙན་ཡོལ། འཆར་ཆས་དང་། གྲིབ་སྟོན་ཆས། རྣ་ཉན། མིག་ཤེལ་སོགས་འདུས་ཡོད། གཙང་ཁྲུས་རིགས་ཀྱི་སྒྲིག་ཆས། རིགས་སྣ་ཚོགས་ཀྱི་རིག་ལྡན་སྒེའུ་ཡོལ་དང་རིག་ནུས་སྒེའུ་ཁུང་འབྱེད་ཆས། རིག་ལྡན་གོས་གདང་། ཁྲུས་དྲོད་གློག་ཆུ་དྲོད་ཆས། རིག་ལྡན་ཤེལ། གློག་སྒུལ་དྲིལ་སྒོ། གོས་སྐམ་ཆས། གོས་འཁྲུད་ཆས། གློག་སྒུལ་སོ་འཁྲུད། རླུང་སྦུད། སྨྲ་བཞར་སོགས་ཚུད་ཡོད།

ཚོར་ཆས་རིགས་ཀྱི་སྒྲིག་ཆས་ལ་མིའི་ལུས་ཁམས་ཀྱི་ཚོར་ཆས་དང་ཁོར་ཡུག་གི་ཚོར་ཆས་སྣ་ཚོགས་ཚུད་ཡོད།

ཞིབ་དཔྱད་རིགས་ཀྱི་སྒྲིག་ཆས་ལ་རིག་ལྡན་བརྙན་མིག་དང་། མཁའ་རླུང་གཙང་ཆས་ཚུད། སྒྲིག་ཆས་གཞན་དག་ལ་གློག་སྒུལ་རྩེད་ཆས་དང་། གློག་སྒུལ་དོ་མཉམ་འཕྲུལ་འཁོར། རིག་ལྡན་ཤུད་ལེབ། གློག་སྒུལ་ལྕགས་རྟ། ཡུལ་སྐོར་སྒམ་དང་། རིག་ལྡན་འབོལ་ཁྲི་སོགས་ཚུད་ཡོད།

གོང་དུ་བརྗོད་པའི་སྒྲིག་ཆས་ཁག་ཅིག་གིས་ཉེར་སྤྱོད་ཁྲོམ་རའི་དྲ་ཐོག་ཏུ་བཞག་པའི་པར་གཞི་ཁོ་ནར་རྒྱབ་སྐྱོར་བྱེད། ཁྱེད་ཀྱིས་གལ་ཏེ་སྒྲིག་ཆས་འདི་དག་གི་རྨང་གཞིའི་དོ་དམ་ཞབས་ཞུ་ཉམས་སུ་མྱོང་འདོད་ཚེ། ཉེར་སྤྱོད་ཁྲོམ་རར་སོང་ནས་ཉེར་སྤྱོད་འདི་གསར་སྒྱུར་བྱས་རྗེས་བེད་སྤྱོད་བྱ་ཆོག

1.1.3 རིག་ལྡན་སྒྲིག་ཆས་ཀྱི་སྤྲིན་ཞབས་ཞུ།

རིག་ལྡན་འཚོ་བའི་ཉེར་སྤྱོད་ཀྱི་ཁྲོད་ནས་ཁྱེད་ཀྱིས་སྦྲེལ་བའི་གཤམ་གྱི་རིག་ལྡན་སྒྲིག་ཆས་བེད་སྤྱོད་བྱེད་པ་མ་ཟད། ལས་སྒོའི་རྩོལ་ནུས་ཀྱི་ཞབས་ཞུ་རིགས་མང་པོ་མཁོ་འདོན་བྱ་ཆེད། ང་ཚོས་ཁྱེད་ཀྱི་གཤམ་གྱི་ཆ་འཕྲིན་བསྡུ་རུབ་བྱ་དགོས།

ལམ་སྟོན་རིགས་ཀྱི་སྒྲིག་ཆས། རིགས་སྣ་ཚོགས་ཀྱི་ WLAN ལམ་སྟོན་ཆས་དང་། WLAN ཆེར་བསྐྱེད་ཆས། འགྲུལ་མཐུན་ WIFI དང་གློག་ཤུགས་ཞི་ལ་སོགས་ཚུད་ཡོད། གཤམ་གསལ་གྱི་ཆ་འཕྲིན་བསྡུ་རུབ་བྱེད་དགོས་ཏེ། WLAN མིང་། ལམ་སྟོན་ཆས་དང་སྦྲེལ་བའི་སྒྲིག་ཆས་ཀྱི་ MAC གནས་ཡུལ་དང་ IP གནས་ཡུལ། ལམ་སྟོན་ཆས་ཀྱི་ IP གནས་ཡུལ། དོ་དམ་པའི་ཐོ་ཨང་། WLAN གསང་གྲངས།ལམ་སྟོན་ཆས།ཐོ་འཇུག་གསང་གྲངས། སྒྲིག་ཆས་ཀྱི་མིང་། རྒྱུད་ཁོངས་བཀོད་སྒྲིག་གི་ཆ་འཕྲིན་བཅས་ཚུད་ཡོད། དེའི་ཁྲོད་དུ་གསང་གྲངས་ནི་མི་སྒེར་གྱི་ཚོར་སྣང་སྐྱེན་པོའི་ཆ་འཕྲིན་དུ་གཏོགས་ཤིང་སྒྲིག་ཆས་ཐོག་ཁོ་ནར་ཉར་ཚགས་བྱེད། རིགས་འདིའི་ཆ་འཕྲིན་བསྡུ་རུབ་བྱེད་པའི་དམིགས་ཡུལ་ནི་ལམ་སྟོན་རིགས་ཀྱི་སྒྲིག་ཆས་ར་སྤྲོད་ཐོ་འཇུག་བྱེད་པ་དང་། ལམ་སྟོན་རིགས་ཀྱི་སྒྲིག་ཆས་ཀྱི་ལས་ཀའི་རྣམ་པར་ལྟ་ཞིབ། སྙན་ཞུའི་རེའུ་མིག་དང་ལོ་རྒྱུས་ཟིན་ཐོ་བསྡོམས་རྩིས། ལམ་སྟོན་རིགས་ཀྱི་སྒྲིག་ཆས་བཀོད་སྒྲིག་དང་དོ་དམ་བྱེད་པ་བཅས་དང་དེ་བཞིན་སྤྱོད་མཁན་ལ་མ་ཁོ་འདོན་བྱས་ནས་མགྱོགས་མྱུར་བཀོད་སྒྲིག་བྱེད་ཐུབ་པའི་རྩོལ་ནུས་ཡིན།

ལམ་སྟོན་ཆས་ཀྱི་དྲར་ཞུགས་བཀོད་སྒྲིག་ལེགས་འགྲུབ་ཡོང་ཆེད། གཤམ་གྱི་ཆ་འཕྲིན་བསྡུ་རུབ་བྱ་དགོས་ཏེ། WLAN ཡི་མིང་དང་ལམ་སྟོན་ཆས་ཀྱི་ IP གནས་ཡུལ། སྒྲིག་ཆས་ཀྱི་གསལ་བྱེད་རྟགས། དོ་དམ་པའི་ཐོ་ཨང་། WLAN གསང་གྲངས།ལམ་སྟོན་ཆས་ཐོ་འཇུག་གསང་གྲངས། PPP ཐོ་ཨང་གི་ཆ་འཕྲིན། རྒྱུད་ཁོངས་བཀོད་སྒྲིག་གི་ཆ་འཕྲིན། དེའི་ནང་ནས་གསང་གྲངས་ནི་མི་སྒེར་གྱི་ཚོར་སྣང་སྐྱེན་པོའི་ཆ་འཕྲིན་དུ་གཏོགས་ཤིང་སྒྲིག་ཆས་ཐོག་ཁོ་ནར་ཉར་ཚགས་བྱེད། གོང་བརྗོད་ཀྱི་ཆ་འཕྲིན་ནི་གནས་འདི་ག་ཁོ་ནར་བེད་སྤྱོད་བྱེད་པ་ཡིན་པ་ལས་ཞབས་ཞུ་ཆས་ཀྱི་ཐོག་ཏུ་ཡར་མི་སྐུར།

དྲ་བའི་འགག་སྒོ་རིགས་ཀྱི་སྒྲིག་ཆས་ལ། སྡོད་ཁང་ཡོངས་ཀྱི་རིག་ལྡན་འཕྲུལ་འཁོར། PLC དྲ་རྒྱའི་འགག་སྒོ། སོ་སྔོན་དྲ་རྒྱའི་འགག་སྒོ། ZigBee དྲ་བའི་འགག་སྒོ་སོགས་ཚུད་ཡོད་པས་དྲ་བའི་འགག་སྒོ་དང་དེ་བཞིན་དྲ་བའི་འགག་སྒོ་སྒྲིག་ཆས་བུའི་གཞི་རྩའི་ཆ་འཕྲིན་བསྡུ་རུབ་བྱེད་དགོས། ཆ་འཕྲིན་བསྡུ་རུབ་བྱེད་པའི་དམིགས་ཡུལ་ནི་ཁྱེད་རང་གིས་དྲ་བའི་འགག་སྒོ་རིགས་ཀྱི་སྒྲིག་ཆས་ལ་ལྟ་ཞིབ་བྱས་ཏེ་དེའི་སྒྲིག་ཆས་བུའི་ལས་ཀའི་རྣམ་པ་དང་། དྲ་བའི་འགག་སྒོ་དང་དེའི་བུ་སྒྲིག་ཆས་ལ་དོ་དམ་དང་ཚོད་འཛིན་བྱ་རྒྱུ། དེ་བཞིན་དྲ་འབྲེལ་འགག་སྒོ་དང་དེའི་སྒྲིག་ཆས་བུ་ལ་མཉེན་ཆས་རིམ་སྤོར་ཞབས་ཞུ་མཁོ་འདོན་བྱ་རྒྱུ་བཅས་རེད།

བརྙན་མིག་དང་རིག་ལྡན་སྒོ་ཟྭ། ནུས་མང་དྲ་སྒོའི་རིགས་ཀྱི་སྒྲིག་ཆས། གཤམ་གསལ་གྱི་ཆ་འཕྲིན་བསྡུ་རུབ་བྱེད་དགོས་པ་སྟེ། སྒྲིག་ཆས་ཀྱིས་ཟིན་འགོད་བྱས་པའི་བརྙན་ཟློས་དང་པར་རིས། སྐད་སྒྲ། རང་སྒྲིག་གི་མགོ་པར། གཅེས་མིང་། དྲིལ་བརྡ། འཕྲིན་འཇོག་ཡིག་ཆའི་གཞི་གྲངས། སྒོ་ཟྭ་ཕྱེ་བའི་ཟིན་ཐོ། འདིའི་རིགས་ཀྱི་ཆ་འཕྲིན་བསྡུ་རུབ་བྱེད་པའི་དམིགས་ཡུལ་ནི་སྒྲིག་ཆས་ཀྱི་ལས་ཀའི་རྣམ་པ། ལྟ་སྐུལ་ཆ་འཕྲིན་དང་ལོ་རྒྱུས་སྡོམས་རྩིས་གཞི་གྲངས་ལ་ལྟ་ཞིབ་བྱེད་ཆེད་ཡིན། སྒོ་ཟྭའི་སྒྲིག་ཆས་ཀྱི་ཟྭ་འབྱེད་གསང་གྲངས་ཉེར་སྤྱོད་དམ་ཧྭ་ཝེའི་ཞབས་ཞུ་ཆས་སུ་ཉར་ཚགས་བྱེད་མི་སྲིད། ཧྭ་ཝེ་ཡིས་ཁྱེད་ཀྱི་ ཟྭ་འབྱེད་གསང་གྲངས་ཐོབ་ཐབས་དང་འདོར་བ་བཅས་བྱེད་མི་སྲིད་ལ་བྱེད་ཀྱང་མི་ཐུབ། སྐད་འཇོག་རྩོལ་ནུས་ལྡན་པའི་དྲ་རྒྱའི་དྲ་འགག་གིས་ཁྱེད་ཀྱི་སྐད་འཇོག་བསྡུ་རུབ་བྱེད་པ་མ་ཟད་དུས་བཅད་ཀྱིས་ཁྱེད་ལ་ཁྱེད་ཀྱིས་སྒྲིག་འགོད་བྱས་པའི་ལེགས་འགྲུབ་བྱ་རྒྱུར་དོ་སྣང་བྱེད་པར་དྲན་སྐུལ་བྱེད། ཁྱེད་ཀྱི་སྐད་འཇོག་གཞི་གྲངས་དེ་གསང་སྡོམ་བྱས་ནས་དྲ་འགག་རང་གནས་སུ་ཉར་ཚགས་བྱེད།

བརྙན་སྒྲའི་རིགས་ཀྱི་སྒྲིག་ཆས་ཏེ། དེའི་ནང་རིགས་སྣ་ཚོགས་ཀྱི་སྒྲ་སྒམ་དང་སྒྲ་སྐྱེད། གྲིབ་བརྙན་སྟོན་ཆས། བརྙན་འཕྲིན། འཕྲིན་ལམ་སྒྱུར་སྒམ་སོགས་ཚུད་ཡོད། གཤམ་གསལ་གྱི་ཆ་འཕྲིན་དག་བསྡུ་རུབ་བྱ་དགོས་ཏེ། སྒྲིག་ཆས་ཀྱིས་ཟིན་འགོད་བྱས་པའི་བརྙན་ཟློས། པར་རིས། བཏང་པའི་ཟིན་ཐོ་ཚུད་ཡོད། རིགས་འདིའི་ཆ་འཕྲིན་བསྡུ་རུབ་བྱེད་པའི་དམིགས་ཡུལ་ནི་བརྙན་སྒྲའི་རིགས་ཀྱི་སྒྲིག་ཆས་ཀྱི་ལས་ཀའི་རྣམ་པ་དང་ལོ་རྒྱུས་ཟིན་ཐོ་དེ་བཞིན་སྤྱོད་མཁན་ལ་གཞི་གྲངས་གྲབས་ཉར་གྱི་རྩོལ་ནུས་མངོན་འགྱུར་བྱེད་རྒྱུ་མཁོ་འདོན་བྱ་ཆེད་ཡིན།

ལུས་རྩལ་དང་བདེ་ཐང་རིགས་ཀྱི་སྒྲིག་ཆས། དེའི་ནང་དུ་ལུས་པོའི་ལྗིད་ཚད་ཀྱི་རྒྱ་མ་དང་། ལུས་ཚིལ་གྱི་རྒྱ་མ། གཉིད་པའི་བཤེར་འཇལ་ཡོ་བྱད། ལུས་རྩལ་ལག་གདུབ་དང་ལག་འདོགས་ཆུ་ཚོད་སོགས་ཚུད་ཡོད་པས་གཤམ་གྱི་ཆ་འཕྲིན་དག་བསྡུ་ལེན་བྱེད་དགོས་པ་སྟེ། རང་སྒྲིག་མགོ་པར་དང་གཅེས་མིང་། སྒྲིག་འགོད་བྱས་པའི་གཟུགས་ཚད། ཕོ་མོ། སྐྱེས་པའི་ལོ་ཟླ། སྒྲིག་ཆས་ཀྱིས་ཚད་ལེན་བྱས་པའི་གཟུགས་པོའི་རིང་ཚད་དང་། ལྗིད་ཚད། སྐྱེ་དངོས་འགོག་འགོད།(ལུས་ཚིལ།) སྒྲིག་ཆས་ཚད་ལེན་གྱི་འབྱིན་རྔུབ་ཀྱི་ཟློས་ཕྱོད། སྙིང་འཕར་ལྡིང་ཚད། གཉིད་ཁུག་པའི་གནས་ཚུལ། སྤྱོད་མཁན་གྱི་གནས་ཡུལ།ལུས་རྩལ་རྗེས་ཤུལ་བཅས་ཡིན། དེའི་ཁྲོད་དུ་མི་སྒེར་བདེ་ཐང་གཞི་གྲངས་དང་ལུས་རྩལ་རྗེས་ཤུལ་ནི་མི་སྒེར་གྱི་ཚོར་སྣང་སྐྱེན་པོའི་ཆ་འཕྲིན་དུ་གཏོགས། རིགས་འདིའི་ཆ་འཕྲིན་བསྡུ་རུབ་བྱེད་པའི་དམིགས་ཡུལ་ནི་ལུས་རྩལ་དང་བདེ་ཐང་རིགས་ཀྱི་སྒྲིག་ཆས་ཀྱི་ལས་ཀའི་རྣམ་པ་དང་ཚད་འཇལ་གཞི་གྲངས། ལོ་རྒྱུས་བསྡོམས་རྩིས་གཞི་གྲངས་ལ་ལྟ་ཞིབ་བྱ་ཆེད་ཡིན།

ཕྱི་བགྲོད་འཁོར་ཐོགས་རིགས་ཀྱི་སྒྲིག་ཆས། རིགས་སྣ་ཚོགས་ཀྱི་རིག་ནུས་གཞུག་མཐོང་མེ་ལོང་དང་འཁོར་བསྐྱོད་ཟིན་འགོད་ཆས། འཁོར་ཐོགས་གློག་ཆས་སོགས་ཚུད་ཡོད། གཤམ་གསལ་གྱི་ཆ་འཕྲིན་དག་བསྡུ་རུབ་བྱ་དགོས་ཏེ། གནས་ཡུལ་གྱི་ཆ་འཕྲིན། འཁོར་བསྐྱོད་ཟིན་ཐོ་དང་རྗེས་ཤུལ། སྒྲིག་ཆས་ཀྱིས་ཟིན་འགོད་བྱས་པའི་བརྙན་ཟློས། པར་རིས། སྐད་སྒྲ། སྒྲིག་འགོད་བྱས་པའི་རླངས་འཁོར་གྱི་ཆ་འཕྲིན་བཅས་ཚུད་ཡོད། འདིའི་རིགས་ཀྱི་ཆ་འཕྲིན་བསྡུ་རུབ་བྱེད་པའི་དམིགས་ཡུལ་ནི་ཕྱི་བགྲོད་འཁོར་ཐོགས་རིགས་ཀྱི་སྒྲིག་ཆས་ཀྱི་ལས་ཀའི་རྣམ་པ་དང་བསྡོམས་རྩིས་སྙན་ཞུའི་རེའུ་མིག ལོ་རྒྱུས་ཟིན་ཐོ་ལ་ལྟ་ཞིབ་བྱེད་ཆེད་ཡིན།

མི་སྒེར་གྱི་སྲུང་ལས་རིགས་ཀྱི་སྒྲིག་ཆས། རིགས་སྣ་ཚོགས་ཀྱི་ལུས་སྐྱི་སྲུང་ལས་ཆུ་གསབ་ཆས། མིག་མཐའ་འཕུར་མཉེད་ཆས། མིག་ཁེབས། འཕུར་མཉེད་གཟུགས་མཛེས་ཆས་སོགས་ཚུད་ཡོད། གཤམ་གསལ་གྱི་ཆ་འཕྲིན་བསྡུ་རུབ་བྱེད་དགོས་ཏེ། ལུས་སྐྱི་ཆུ་དབེན་གནས་ཚུལ་ཚད་འཇལ་གཞི་གྲངས། ལུས་སྐྱིའི་ཚད་འཇལ་གཞི་གྲངས་བཅས་ཚུད་ཡོད། དེའི་ཁྲོད་དུ་ལུས་སྐྱིའི་བདེ་ཐང་གཞི་གྲངས་ནི་མི་སྒེར་གྱི་ཚོར་སྣང་སྐྱེན་པོའི་ཆ་འཕྲིན་དུ་གཏོགས། རིགས་འདིའི་ཆ་འཕྲིན་བསྡུ་རུབ་བྱེད་པའི་དམིགས་ཡུལ་ནི་མི་སྒེར་གྱི་སྲུང་ལས་རིགས་ཀྱི་སྒྲིག་ཆས་ཀྱི་ལས་ཀའི་རྣམ་པ་དང་ཚད་འཇལ་གཞི་གྲངས། བསྡོམས་རྩིས་སྙན་ཞུའི་རེའུ་མིག་དང་ལོ་རྒྱུས་ཟིན་ཐོ་ལ་ལྟ་ཞིབ་བྱེད་ཆེད་ཡིན།

འཆར་ཤེལ་རིགས་ཀྱི་སྒྲིག་ཆས་ལ་མཚོན་ན། དེའི་ནང་འཆར་ཆས་སྣ་ཚོགས་ཚུད་ཡོད། དེར་གཤམ་གྱི་ཆ་འཕྲིན་བསྡུ་དགོས་ཏེ། འཆར་ཆས་ཀྱི་མིག་སྲུང་སྒྲིག་འགོད་ཀྱི་ཆ་འཕྲིན་དང་། སྒྲིག་ཆས་ཀྱི་གཅེས་མིང་གི་ཆ་འཕྲིན། སྐད་སྦུག་གི་བསད་སྤར་སྒྲིག་འགོད་ཀྱི་ཆ་འཕྲིན། སྒྲིག་ཆས་ཀྱི་བརྙན་སྟོན་པའི་མིང་ཐོ་དཀར་པོའི་ཆ་འཕྲིན་བཅས་བསྡུ་དགོས།

ཉེར་སྤྱོད་འདིས་བསྡུ་རུབ་བྱས་པའི་བདེ་ཐང་གཞི་གྲངས་ཀྱི་ནང་དུ་ཚོར་སྣང་སྐྱེན་པོའི་མི་སྒེར་གྱི་ཆ་འཕྲིན་ཚུད་ཡོད། ཁྱེད་ཀྱིས་ཉེར་སྤྱོད་ནང་དུ་ཁ་གསལ་པོར་དབང་བཅོལ་རྗེས་གཞི་ནས་ཞབས་ཞུ་ཆས་ཀྱི་ཐོག་ཏུ་ཡར་བསྐུར་སྲིད། སྒྲིག་ཆས་ཁ་ཤས་ལ་སྒྲིག་ཆས་བཟོ་གྲྭས་སྒྲིག་ཆས་སྤྲིན་ཞབས་ཞུ་མཁོ་འདོན་བྱེད། ཕྱོགས་གསུམ་པའི་བཟོ་གྲྭས་རང་བདག་གིས་སྒྲིག་ཆས་ཞབས་ཞུ་ལ་མཁོ་བའི་གཞི་གྲངས་བསྡུ་རུབ་བེད་སྤྱོད་བྱེད། ཧྭ་ཝེ་སྒྲིག་ཆས་ཞབས་ཞུ་ཁག་འདིའི་ཞབས་ཞུའི་གཞི་གྲངས་ཀྱི་བསྡུ་རུབ་དང་ཐག་གཅོད་དུ་མི་ཞུགས། ཕྱོགས་གསུམ་པའི་བཟོ་གྲྭས་རང་སྒེར་གྱི་སྒེར་གསང་སྲིད་ཇུས་གཞིར་བཟུང་ནས་གཞི་གྲངས་བསྡུ་རུབ་བྱ་སྤྱོད་ལ་བདག་དམ་བྱེད། ཐོག་དང་པོར་སྒྲིག་ཆས་ལྟ་སྤྱོད་བྱེད་སྐབས་ཞིབ་ཕྲའི་ངང་ནས་ཀློག་པ་དང་དབང་སྤྲོད་མོས་མཐུན་བྱ་རོགས།

ཁྱེད་ཀྱིས་རིག་ལྡན་སྒྲིག་ཆས་ཀྱི་སྒྲིག་འགོད། དེ་ནས་སྒྲིག་ཆས་བསུབ་པའམ་སྒྲིག་ཆས་དང་བསྡམ་པ་ཤིག་པའི་མཚམས་ངོས་སུ་ལྟ་སྤྱོད་བྱེད་ནས་ཁྱེད་ཀྱིས་བསྡམས་ཟིན་པའི་རིག་ལྡན་སྒྲིག་ཆས་སུབ་ནས། གཞི་གྲངས་བསྡུ་རུབ་བྱེད་པ་མཚམས་འཇོག་ཆོག

གལ་ཏེ་ཁྱེད་ཀྱིས་ཆ་འཕྲིན་འདི་རིགས་མཁོ་སྤྲོད་མི་བྱེད་ཚེ། རིག་ལྡན་འཚོ་བའི་ཉེར་སྤྱོད་དུ་རིག་ལྡན་སྒྲིག་ཆས་ཀྱིས་མཁོ་འདོན་བྱས་པའི་ཞབས་ཞུ་བེད་སྤྱོད་གཏོང་མི་ཐུབ།

གོང་དུ་བརྗོད་པའི་སྒྲིག་ཆས་ (དཔེར་ན། ལམ་སྟོན་ཆས་དང་བརྙན་མིག་སྒྲིག་ཆས་སོགས།) ཁག་ཅིག་གིས་ཉེར་སྤྱོད་ཁྲོམ་རར་སྤེལ་བའི་པར་གཞི་ཁོ་ནར་རྒྱབ་སྐྱོར་བྱེད། ཁྱེད་ཀྱིས་གལ་ཏེ་ཉེར་སྤྱོད་འདིའི་ཁྲོད་ནས་སྒྲིག་ཆས་འདི་དག་ཉམས་སུ་མྱོང་འདོད་ཚེ། ཉེར་སྤྱོད་ཁྲོམ་ར་ནས་ཉེར་སྤྱོད་འདི་གསར་སྒྱུར་བྱས་རྗེས་བེད་སྤྱོད་བྱ་ཆོག

1.1.4 རིག་ལྡན་སྐད་གདངས་སྐྱེ་ཁམས་སྒྲིག་ཆས།

ཧྭ་ཝེའི་རིག་ལྡན་སྐད་གདངས་སྐྱེ་ཁམས་སྒྲིག་ཆས་(ཡང་ན་ཞབས་ཞུ།)ནི་ཧྭ་ཝེའི་མཉེན་ཆས་ལག་རྩལ་ཚད་ཡོད་ཀུང་སིས་གཉེར་སྐྱོང་བྱེད་ཅིང་། ཁྱེད་ལ་རིག་ལྡན་སྒྲིག་ཆས་ཀྱིས་ཚོད་འཛིན་དང་དོ་དམ་བྱེད་པའི་ཞབས་ཞུའི་ཐོན་རྫས་(ཡང་ན་ཞབས་ཞུ།) མཁོ་འདོན་བྱེད། རིག་ལྡན་འཚོ་བའི་ཉེར་སྤྱོད་ནང་རིག་ལྡན་སྐད་གདངས་སྐྱེ་ཁམས་སྒྲིག་ཆས་(དཔེར་ན། རིག་ལྡན་སྐད་གདངས་ཐིར་ལྡན་ཆུ་ཚོད། བྱིས་པའི་རིག་ལྡན་སྐད་གདངས་གཏམ་རྒྱུད་འཕྲུལ་འཁོར་དང་རིག་ལྡན་སྐད་གདངས་འཁོར་སྐྱོད་ཐོ་འགོད་ཡོ་བྱད་སོགས།)ཀྱི་ལས་སྒོའི་རྩོལ་ནུས་དང་ཞབས་ཞུ་སྣ་ཚོགས་མཁོ་འདོན་བྱ་ཆེད། ཧྭ་ཝེ་མཉེན་ཆས་ལག་རྩལ་ཚད་ཡོད་ཀུང་སིས་གཤམ་གསལ་གྱི་ཆ་འཕྲིན་བསྡུ་རུབ་བྱེད་དགོས་པ་སྟེ།

སྐད་གདངས་བཀའ་ཚིག ཆ་འཕྲིན་དེ་རིགས་བསྡུ་རུབ་བྱེད་པའི་དམིགས་ཡུལ་ནི་རྨང་གཞིའི་སྐད་གདངས་སྤེལ་རེས་ཀྱི་ཞབས་ཞུར་སྤྱོད་རྒྱུ་ཡིན་པ་དང་། སྐད་གདངས་བཀའ་ཚིག་བརྗེ་སྒྱུར་བྱས་རྗེས་ཀྱི་ཡིག་དེབ་གཞི་གྲངས་དེ་བདེ་འཇགས་གསང་སྡོམ་བྱས་ནས་ཞབས་ཞུ་ཆས་ནང་ཉར་ཚགས་བྱ་རྒྱུ་རེད།

ཕལ་ཆེར་གནས་ཡུལ་གྱི་ཆ་འཕྲིན། ཆ་འཕྲིན་དེ་རིགས་བསྡུ་རུབ་བྱེད་པའི་དམིགས་ཡུལ་ནི་གནམ་གཤིས་འདྲི་རྩད་རྩོལ་ནུས་ལ་བེད་སྤྱོད་བྱེད་རྒྱུ་ཡིན།

གཏོང་བའི་ཟིན་ཐོ། ཆ་འཕྲིན་དེ་རིགས་བསྡུ་རུབ་བྱེད་པའི་དམིགས་ཡུལ་ནི་སྒྲིག་ཆས་ཀྱི་ལས་ཀའི་རྣམ་པ་དང་། ལོ་རྒྱུས་ཟིན་ཐོ་ལ་བལྟ་ཆེད་ཡིན།

ཧྭ་ཝེ་མཉེན་ཆས་ལག་རྩལ་ཚད་ཡོད་ཀུང་སིས་གཤམ་གྱི་ཐབས་ལམ་བརྒྱུད་ནས་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་སྤྱོད་དེ། གོང་སྨྲས་ཀྱི་ཆ་འཕྲིན་དེ་གསང་སྡོམ་བརྒྱུད་གཏོང་དང་འབྲེལ་ཞབས་ཞུ་ཆས་སུ་ཉར་ཚགས་བྱེད། རིག་ལྡན་འཚོ་བའི་ཉེར་སྤྱོད་ཀྱིས་ཁྱེད་ཀྱི་དབང་བཅོལ་ལྟར་ཞབས་ཞུ་ཡོ་ཆས་ཐོག་གཞི་གྲངས་འཚོལ་བཤེར་བྱེད་པ་མ་ཟད། སྒྲིག་ཆས་ཀྱི་དྲ་ངོས་སུ་འཆར་བར་བྱེད།

གལ་ཏེ་ཁྱེད་ཀྱིས་རིགས་འདིའི་ཆ་འཕྲིན་མཁོ་སྤྲོད་མི་བྱེད་ཚེ། རིག་ལྡན་སྐད་གདངས་སྐྱེ་ཁམས་སྒྲིག་ཆས་ཀྱིས་མཁོ་འདོན་བྱས་པའི་ལས་སྒོའི་རྩོལ་ནུས་དང་ཞབས་ཞུ་བཀོལ་སྤྱོད་བྱེད་ཐབས་བྲལ།

1.1.5 སྐུད་ཐོག་གནད་དོན་ལྡོག་ལན།

རིག་ལྡན་འཚོ་བའི་ཞབས་ཞུའི་གནད་དོན་དྲ་ལམ་ནས་ཕྱིར་སློག་བྱེད་པ་མངོན་འགྱུར་ཡོང་ཆེད་དུ། ང་ཚོས་ཁྱེད་ཀྱི་གཤམ་གསལ་ཆ་འཕྲིན་བསྡུ་རུབ་བྱེད་དགོས་ཏེ། ཉེར་སྤྱོད་དང་སྒྲིག་ཆས་ཀྱི་ཉིན་ཐོའི་ཆ་འཕྲིན་དང་ཁྱེད་ཀྱིས་ཕྱིར་སློག་བྱས་པའི་འབྲེལ་གཏུག་བྱ་ཐབས་དང་གནད་དོན་ཞིབ་བརྗོད། གནད་དོན་གྱི་སྣང་ཚུལ་པར་རིས་དང་བརྙན་ཟློས། དེའི་ནང་ནས། ཉེར་སྤྱོད་དང་སྒྲིག་ཆས་ཀྱི་ཉིན་ཐོའི་ཆ་འཕྲིན་ནང་དུ་སྒྲིག་ཆས་ཀྱི་རྣམ་པ་དང་། ཚོར་འདྲེན་ཆས་ཀྱི་སྒྲིག་ཆས་ཀྱིས་ཚོར་ལེན་བྱས་པའི་ཆ་འཕྲིན། སྒྲིག་ཆས་བཀོལ་སྤྱོད་ཀྱི་ཟིན་ཐོ། སྒྲིག་ཆས་ཀྱི་གསལ་བྱེད་རྟགས་སོགས་ཚུད་ཡོད། འདིའི་རིགས་ཀྱི་ཆ་འཕྲིན་བསྡུ་རུབ་བྱེད་པའི་དམིགས་ཡུལ་ནི་གནད་དོན་གྱི་རྒྱུ་རྐྱེན་ལ་དབྱེ་ཞིབ་དང་གནས་ངེས་བྱེད་ཆེད་ཡིན། ཁྱེད་ཀྱི་འབྲེལ་གཏུག་བྱ་ཐབས་སྡུད་པའི་དམིགས་ཡུལ་ནི་རྒྱུན་མཐུད་ཀྱི་འཚམས་འདྲི་ཞུ་ལན་དང་གནད་དོན་ཡོངས་སུ་ཐག་གཅོད་ཡོད་མེད་ལ་ཤེས་རྟོགས། ཡང་ན་ཁྱེད་ལ་འབྲེལ་བ་བྱེད་ཆེད་དུ་ཡིན། ཁྱེད་ཀྱིས་དགོས་ངེས་ཀྱི་ཆ་འཕྲིན་གཞན་དག་ཁ་གསབ་གནང་བར་ཞུ།

ང་ཚོས་གཤམ་གྱི་ཐབས་ལམ་བརྒྱུད་ནས་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་སྤྱོད་དེ། གོང་སྨྲས་ཀྱི་ཆ་འཕྲིན་དེ་གསང་སྡོམ་བརྒྱུད་གཏོང་དང་འབྲེལ་ཞབས་ཞུ་ཆས་སུ་ཉར་ཚགས་བྱེད། གོང་བརྗོད་ཆ་འཕྲིན་དེ་གནད་དོན་ཚུར་ལེན་གྱི་གནས་ཐིག་གཏན་ཁེལ་དང་ཐག་གཅོད་ཁོ་ནར་བེད་སྤྱོད་དེ། མི་སྒེར་གྱི་ཆ་འཕྲིན་གྱི་གསལ་སྟོན་དུ་བེད་མི་སྤྱོད། འདིའི་རིགས་ཀྱི་ཆ་འཕྲིན་ཚོང་དོན་བརྡ་ཁྱབ་འོས་སྦྱོར་བྱ་བར་བེད་མི་སྤྱོད།

གལ་ཏེ་ཁྱེད་ཀྱིས་འདིའི་རིགས་ཀྱི་ཆ་འཕྲིན་མཁོ་འདོན་མི་བྱེད་ཚེ། ཁྱེད་ཀྱིས་ཕྱིར་སློག་བྱེད་པའི་གནད་དོན་ལ་གོ་ཆོད་པའི་གནས་ངེས་དང་ཐག་གཅོད་བྱེད་ཐབས་བྲལ་སྲིད།

1.1.6 རིག་ལྡན་སྒྲིག་ཆས་དང་ཉེར་སྤྱོད་རིམ་སྤོར།

ཉེར་སྤྱོད་པར་གཞིའི་རིམ་སྤོར་དང་། རིག་ལྡན་སྒྲིག་ཆས་ཀྱི་སྲ་ཆས་རིམ་སྤོར་དང་ལས་སྒོའི་འཁོར་སྐྱོད་དབྱེ་ཞིབ་བྱ་ཆེད། ང་ཚོས་ཁྱེད་ཀྱི་གཤམ་གསལ་ཆ་འཕྲིན་འཚོལ་བསྡུ་བྱེད་དགོས་པ་སྟེ། ཁྱེད་ཀྱིས་བསྡམས་པའི་སྒྲིག་ཆས་ཀྱི་གསལ་བྱེད་རྟགས་དང་། སྒྲིག་ཆས་ཀྱི་རིགས། ལག་ཁྱེར་ཁ་པར་གྱི་བཟོ་རྟགས། ཉེར་སྤྱོད་ཀྱི་ངོ་རྟགས། པར་གཞིའི་ཆ་འཕྲིན་སོགས་ཀྱི་ཆ་འཕྲིན་དང་འབྲེལ་ནས་པར་གཞི་གསར་པ་ཞིབ་དཔྱད་དང་ཕབ་ལེན་བྱ་རྒྱུར་སྤྱོད་ཀྱི་ཡོད།

གལ་ཏེ་ཁྱེད་ཀྱིས་རིགས་འདིའི་ཆ་འཕྲིན་མཁོ་སྤྲོད་མི་བྱེད་ཚེ། ཉེར་སྤྱོད་ཀྱི་པར་གཞི་དང་སྒྲིག་ཆས་ཀྱི་མཁྲེག་ཆས་ཀྱི་པར་གཞི་གསར་པ་རིམ་སྤོར་བྱེད་ཐབས་བྲལ།

རིག་ལྡན་འཚོ་བས་སྒྲིག་ཆས་རིམ་སྤོར་བྱེད་པའི་བརྒྱུད་ལམ་ཁོ་ན་མཁོ་འདོན་བྱེད། སྒྲིག་ཆས་བརྟན་ཆས་ཀྱི་པར་གཞི་སྒྲིག་ཆས་ཀྱི་ཐོན་སྐྱེད་བཟོ་གྲྭས་མཁོ་འདོན་བྱེད། ཐོན་སྐྱེད་བཟོ་གྲྭས་པར་གཞིའི་སྤུས་ཀ་དང་རིམ་སྤོར་གྱི་མཇུག་འབྲས་ལ་འགན་འཁུར། སྒྲིག་ཆས་ཁག་ཅིག་གིས་རང་འགུལ་གྱིས་བརྟན་ཆས་རིམ་སྤོར་རྩོལ་ནུས་ལ་རྒྱབ་སྐྱོར་བྱེད། རང་འགུལ་གྱིས་རིམ་སྤོར་གྱི་རྩོལ་ནུས་སྤྱོད་འགོ་ཚུགས་རྗེས། སྒྲིག་ཆས་ཀྱིས་རང་འགུལ་གྱིས་བརྟན་ཆས་ཀྱི་པར་གཞི་གསར་པ་ཞིབ་དཔྱད་ཚད་ལེན་དང་ཕབ་ལེན། སྒྲིག་འཇུག་བྱེད་སྲིད། ཁྱེད་ཀྱིས་སྒྲིག་ཆས་ཀྱི་སྒྲིག་འགོད་མཚམས་ངོས་ནས་རང་འགུལ་རིམ་སྤོར་ཁ་ཕྱེ་བའམ་ཁ་རྒྱག་ཆོག་ལ། རང་འགུལ་རིམ་སྤོར་རྩོལ་ནུས་ཁ་བརྒྱབ་རྗེས་ཁྱེད་ཀྱིས་སྔར་བཞིན་ལག་འགུལ་གྱིས་རིམ་སྤོར་བྱེད་ཆོག

1.1.7 བཟོ་ལྗོངས། ཁྱིམ་ཚང་དོ་དམ་དང་སྒྲིག་ཆས་མཉམ་སྤྱོད།

བཟོ་ལྗོངས་དང་ཁྱིམ་ཚང་དོ་དམ་དང་སྒྲིག་ཆས་མཉམ་སྤྱོད་མངོན་འགྱུར་བྱེད་ཆེད། ང་ཚོས་ཁྱེད་ཀྱི་གཤམ་གསལ་ཆ་འཕྲིན་བསྡུ་རུབ་བྱེད་དགོས་ཏེ། ཧྭ་ཝེའི་ཐོ་ཨང་། གཅེས་མིང་། མགོ་པར། རགས་བསྡུས་ཀྱིས་གནས་ཡུལ་གྱི་ཆ་འཕྲིན། སྒྲིག་ཆས་ཀྱི་ཆ་འཕྲིན། སྤྱོད་མཁན་གྱི་རང་སྒྲིག་བཟོ་ལྗོངས་སྒྲིག་འགོད། བཟོ་ལྗོངས་ ID བཅས་ཡིན། བཟོ་ལྗོངས་སྒྲིག་འགོད་དང་ཁྱིམ་ཚང་ཚོ་ཁག་དོ་དམ། སྒྲིག་ཆས་མཉམ་སྤྱོད་དང་སྒྲིག་ཆས་ཀྱི་མཉམ་སྤྱོད་བསྡུ་ལེན་བྱེད་པར་སྤྱོད།

ཁྱིམ་ཡོངས་ཀྱི་རིག་ལྡན་ཡན་ལན་རྒྱུད་ཁོངས་ཁྲོད་དུ་གནས་ཡུལ་གཞིར་བྱས་པའི་ཞབས་ཞུ་མངོན་འགྱུར་བྱ་ཆེད། གཤམ་དག་ཚུད་ལ་དེས་མི་ཚད་དེ། གནས་ཡུལ་གཞིར་བཟུང་ནས་གནམ་གཤིས་དང་མཁའ་རླུང་གི་གཞི་གྲངས་ཐོབ་ཐབས་བྱེད་པའི་ཞབས་ཞུ། ས་ཁམས་བར་ཁོངས་གཞིར་བཟུང་ནས་མཁོ་འདོན་བྱས་པའི་ཁྱད་པར་ཅན་གྱི་ཞབས་ཞུ། ང་ཚོས་ཁྱེད་ཀྱི་རགས་བསྡུས་ཀྱི་གནས་ཡུལ་གྱི་ཆ་འཕྲིན་བསྡུ་རུབ་བྱེད་སྲིད་དེ། ཁྱེད་ཀྱིས་ཆ་འཕྲིན་འདི་མཁོ་འདོན་བྱས་ནས་གོང་བརྗོད་ཞབས་ཞུ་མཁོ་འདོན་བྱེད་མིན་འདེམས་ཆོག

བཟོ་ལྗོངས་ཀྱི་ཤོག་བྱང་གིས་རང་འགུལ་ཅན་ངང་ལས་འགན་རིགས་སྣ་ཚོགས་ལག་བསྟར་བྱེད་ཐུབ། ང་ཚོས་ཁྱེད་ཀྱིས་སྒྲིག་འགོད་བྱས་པའི་དུས་ཚོད་དང་གནས་ཡུལ། (ཞིབ་དག་གི་གནས་ཡུལ་གྱི་ཆ་འཕྲིན།) རང་སྒྲིག་སྐད་གདངས། སྒྲིག་ཆས་ཀྱི་འདོགས་པའི་རྣམ་པ། ལུས་རྩལ་རྣམ་པ། ལུས་རྩལ་སྙིང་ཕྱོད། རང་སྒྲིག་ཡི་གེའི་བཀའ་བརྡའི་བཟོ་ལྗོངས་ཆ་འཕྲིན་བཅས་བསྡུ་རུབ་བྱེད་ཅིང་གསང་སྡོམ་གྱིས་བཟོ་ལྗོངས་སྒྲིག་འགོད་ཆ་འཕྲིན་འདི་དག་གསོག་འཇོག་བྱ་སྲིད། ཧྭ་ཝེ་ཡིས་སྐབས་བསྟུན་ངང་སྒྲིག་ཆས་ཀྱི་གསལ་བྱེད་རྟགས་ཐོན་པ་མ་ཟད་དེ་དང་ཁྱེད་ཀྱིས་བཙལ་དགོས་པའི་ཆ་འཕྲིན་དང་མཉམ་དུ་ཕྱོགས་གསུམ་པའི་ཞབས་ཞུར་བསྐུར་སྲིད། ཕྱོགས་གསུམ་པས་ཁྱེད་ཀྱི་ཐོབ་ཐང་ཆ་འཕྲིན་ལེན་མི་སྲིད། ཁྱེད་ཀྱིས་བཟོ་ལྗོངས་རིམ་སྒྲིག་དང་བསྣན་རྗེས། ཁྱེད་ཀྱིས་ལག་སྒུལ་གྱིས་བཟོ་ལྗོངས་ཤོག་བྱང་རྡེབ་ནས་བཟོ་ལྗོངས་ལག་བསྟར་བྱེད་པ་སྐུལ་སློང་བྱེད་པའམ་ཡང་ན་སྒྲིག་འགོད་ཆ་རྐྱེན་འཛོམས་སྐབས་བཟོ་ལྗོངས་ཤོག་བྱང་ཡང་རང་འགུལ་ངང་ལག་བསྟར་བྱེད་ཆོག ཁྱེད་ཀྱིས་རང་འགུལ་ངང་ལག་བསྟར་བྱེད་པའི་བསད་སྤར་ཁ་རྒྱག་པ་ལ་རྡེབ་ཆོག

བཟོ་ལྗོངས་ལག་བསྟར་བྱེད་སྐབས་རིག་ལྡན་འཚོ་བའི་རྨང་གཞིའི་ཞབས་ཞུ་སྤྱོད་རྒྱུ་ཡིན་པས། ཁྱེད་ཀྱིས་རྒྱུད་ཁོངས་ཀྱི་སྒྲིག་འགོད། ཉེར་སྤྱོད། ཉེར་སྤྱོད་དོ་དམ་ལ་ཕེབས་ནས། རིག་ལྡན་འཚོ་བའི་རྨང་གཞིའི་ཞབས་ཞུ་དང་སྒེར་གསང་སྐོར་གྱི་གསལ་བསྒྲགས་ (https://privacy.consumer.huawei.com/legal/hilinksvc/privacy-statement.htm?code=CN&branchid=999&language=bo-cn)ལ་ལྟ་ཞིབ་བྱས་ནས་ཞིབ་ཕྲའི་ཆ་འཕྲིན་རྒྱུས་ལོན་བྱས་ཆོག

བཟོ་ལྗོངས་སྒྲིག་འགོད་བྱེད་པའི་ཁྲོད་དུ་གནམ་གཤིས་སྒྲོག་སྤེལ་དང་། གཞུང་ལམ་ཕྱོགས་སྟོན། ས་བབ་ཀྱི་ར་བསྐོར་སོགས་ཀྱི་རྩོལ་ནུས་འདོན་སྤྲོད་བྱེད་ཆེད། ང་ཚོས་ཀའོ་ཏེ་ཡི་གནས་ངེས་དང་། བཤེར་འཚོལ་དང་། ས་ཁྲའི་ཞབས་ཞུ་ SDK བཅས་ཕྱོགས་བསྡུས་བྱས་ཡོད། ང་ཚོས་ཁྱེད་ཀྱི་སྒྲིག་ཆས་ཀྱི་ཆ་འཕྲིན་དང་། གནས་ཡུལ་གྱི་ཆ་འཕྲིན། དྲ་རྒྱའི་ཆ་འཕྲིན་ཀའོ་ཏེ་ཞབས་ཞུའི་ཚོང་པར་མཉམ་སྤྱོད་བྱས་ནས་དེ་མཚུངས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་པར་སྤྱོད་ཀྱི་ཡོད། ཕྱོགས་སྟོན་ཞབས་ཞུ་འདོན་སྤྲོད་བྱེད་ཆེད། ང་ཚོས་བསྡུ་རུབ་བྱས་པའི་གནས་ཡུལ་གྱི་ཆ་འཕྲིན་དེ་ཀའོ་ཏེ་དང་པའེ་ཏུའུ་ལ་མཉམ་སྤྱོད་བྱས་ནས་ཇུས་འགོད་དང་། ལམ་ཐིག་ཕྱོགས་སྟོན་བྱེད་ཀྱི་ཡོད། ཞིབ་ཕྲའི་གཞི་གྲངས་ཀྱི་བསྡུ་རུབ་དང་ཐག་གཅོད་དེ་ཕྱོགས་གསུམ་པའི་སྒེར་གསང་སྲིད་ཇུས་ལྟར་ལག་བསྟར་བྱེད་དགོས་པ་དང་། ཞིབ་ཕྲའི་གནས་ཚུལ་ནི་ཀའོ་ཏེ་དང་པའེ་ཏུའུ་ས་ཁྲའི་ཞབས་ཞུའི་ཚོང་པའི་སྒེར་གསང་སྲིད་ཇུས་ལ་ཟུར་ལྟ་གནང་རོགས། ལག་གདུབ་དང་ལག་འདོགས་ཆུ་ཚོད་སོགས་ཀྱི་ལུས་རྩལ་དང་བདེ་ཐང་རིགས་ཀྱི་སྒྲིག་ཆས་ཀྱི་བཟོ་ལྗོངས་བཀའ་ལག་བསྟར་བྱེད་པའི་རྩོལ་ནུས་མཁོ་འདོན་བྱེད་ཆེད། ང་ཚོས་ཧྭ་ཝེའི་རིག་ལྡན་དབྱིན་བྱིན་བརྒྱུད་དེ་ཁྱེད་ལ་གོང་བརྗོད་ཀྱི་རྩོལ་ནུས་མཁོ་འདོན་བྱེད་པ་དང་། ཁྱེད་ཀྱིས་སྒྲིག་འགོད། རྒྱུད་ཁོངས་དང་གསར་སྒྱུར། ཧྭ་ཝེའི་བློ་རིག་ནུས་པ་བརྒྱུད་ནས་ཁ་རྒྱག་ཆོག སྐད་གདངས་འཕྲད་ཐོན་གྱི་བཟོ་ལྗོངས་ལག་བསྟར་དང་། རང་སྒྲིག་ཡི་གེའི་ལས་འགན་སོགས་ཀྱི་བཟོ་ལྗོངས་མཁོ་འདོན་བྱེད་ཆེད། ང་ཚོས་ཁྱེད་རང་ལ་ཧྭ་ཝེའི་རིག་ལྡན་སྐད་གདངས་ཞབས་ཞུ་མཁོ་འདོན་བྱེད་པ་དང་། ཞབས་ཞུ་དེས་ཡི་གེའི་བཀའ་རྒྱ་བསྡུ་ལེན་བྱས་ནས་ཧྭ་ཝེའི་རིག་ལྡན་སྐད་གདངས་ལ་མཉམ་སྤྱོད་བྱས་ཏེ་བཟོ་ལྗོངས་ལག་བསྟར་ནུས་པ་མཁོ་འདོན་བྱེད་པ་དང་། ཞིབ་ཕྲའི་གནས་ཚུལ་ ཧྭ་ཝེའི་རིག་ལྡན་སྐད་གདངས་ཀྱི་སྒེར་གསང་སྲིད་ཇུས་(https://consumer.huawei.com/minisite/cloudservice/ai-voice/privacy-statement.htm?code=CN&branchid=0&language=bo-CN)ལ་ལྟ་ཞིབ་གནང་རོགས།

གལ་སྲིད་ཁྱེད་ཀྱིས་རིགས་འདིའི་ཆ་འཕྲིན་མཁོ་འདོན་མི་བྱེད་ཚེ། བཟོ་ལྗོངས་དང་ཁྱིམ་ཚང་དོ་དམ་དང་སྒྲིག་ཆས་མཉམ་སྤྱོད་ཀྱི་རྩོལ་ནུས་སྤྱོད་ཐབས་བྲལ།

བཟོ་ལྗོངས་རྩོལ་ནུས་ནི་ཉེར་སྤྱོད་ཁྲོམ་ར་ནས་བཀྲམ་པའི་པར་གཞི་ཁོ་ན་ནས་མ་གཏོགས་རྒྱབ་སྐྱོར་མི་ཐོབ།

1.1.8 ཁྲོམ་ར།

ཚོང་ཁྲོམ་དང་རིག་ལྡན་འཚོ་བའི་ཐོན་རྫས་ཀྱི་བརྡ་འཕྲིན་དང་ཀུན་དཔྱད་ཞབས་ཞུ་མངོན་འགྱུར་བྱེད་ཆེད། རིག་ལྡན་འཚོ་བའི་ཉེར་སྤྱོད་ཀྱིས་ཧྭ་ཝེ་ཁྲོམ་ར་འདུས་གྲུབ་བྱས་ཡོད། ཁྱེད་ཀྱིས་ཚོང་ཁྲོམ་དུ་དབང་སྤྲོད་ནས་མཉམ་སྤྱོད་བྱས་པའམ་ཡར་སྤྲད་པའི་མི་སྒེར་ཆ་འཕྲིན་གྱི་སྒེར་གསང་སྲུང་སྐྱོབ། ཧྭ་ཝེ་ཁྲོམ་རས་སྒེར་གསང་སྲིད་ཇུས་བདག་སྐྱོར་མཁོ་འདོན་བྱེད། ཞིབ་ཕྲའི་གནས་ཚུལ་ཧྭ་ཝེ་ཁྲོམ་རའི་གསང་བའི་སྲིད་ཇུས་(https://consumer.huawei.com/minisite/cloudservice/vmall/privacy-statement.htm?code=CN&language=bo_CN)ལ་གཟིགས་རོགས།

གལ་ཏེ་ཁྱེད་ཀྱིས་ཆ་འཕྲིན་འདི་དག་མཁོ་སྤྲོད་ཚེ། ཧྭ་ཝེ་ཁྲོམ་ར་དུ་དངོས་ཟོག་ཉོ་ཐབས་བྲལ། འོན་ཀྱང་དེ་ཡིས་ཞབས་ཞུ་འདིའི་རྩོལ་ནུས་གཞན་དག་སྤྱོད་པར་ཤུགས་རྐྱེན་མི་ཐེབས།

1.1.9 གླེང་སྟེགས།

གླེང་སྟེགས་ཀྱི་རྩོལ་ནུས་མངོན་འགྱུར་འོང་ཆེད། རིག་ལྡན་འཚོ་བའི་ཉེར་སྤྱོད་སྟེང་ལ་ཧྭ་ཧྥུན་སྤྲོ་སྐྱིད་ཁང་ནས་མཁོ་འདོན་བྱེད་པའི་ཞབས་ཞུ་འདུས་ཡོད། ཁྱེད་ཀྱིས་གླེང་སྟེགས་རྩོལ་ནུས་བེད་སྤྱོད་གཏོང་དུས། ཡར་སྤྲོད་བྱེད་པའི་མི་སྒེར་གྱི་ཆ་འཕྲིན་སྒེར་གསང་སྲུང་སྐྱོབ་ནི་ཧྭ་ཧྥུན་སྤྲོ་སྐྱིད་ཁང་ནས་བཏོན་པའི་གསང་དོན་སྒྲིག་སྲོལ་གྱི་མངའ་འོག་ཏུ་ཚུད། ཞིབ་ཕྲའི་གནས་ཚུལ་ ཧྭ་ཧྥུན་སྤྲོ་སྐྱིད་ཁང་དང་གསང་བའི་གསལ་བསྒྲགས་(https://consumer.huawei.com/minisite/cloudservice/club/privacy-statement.htm?country=CN&language=bo_CN)ལ་ལྟ་ཞིབ་གནང་རོགས།

གལ་ཏེ་ཁྱེད་ཀྱིས་ཆ་འཕྲིན་འདི་དག་མཁོ་སྤྲོད་མ་བྱེད་ཚེ། གླེང་སྟེགས་སུ་སྦྱར་ཡིག་སྤེལ་བ་དང་དཔྱད་བརྗོད་བྱེད་མི་ཐུབ། འོན་ཀྱང་འདིས་ཁྱེད་ཀྱིས་རིག་ལྡན་འཚོ་བའི་རྩོལ་ནུས་གཞན་དག་བེད་སྤྱོད་བྱེད་པར་ཤུགས་རྐྱེན་མི་ཐེབས།

1.1.10 རོལ་དབྱངས་སྒྲ་ལྡན་ནང་དོན།

ཁྱེད་ཀྱིས་ཧྭ་ཝེའི་ AI སྒྲ་སྒམ་སྒྲིག་ཆས་བསྡམས་ནས། AI ཡི་སྒྲ་སྒམ་གྱི་རོལ་དབྱངས་ཀྱི་སྐད་སྦྱར་ཡོད་པའི་ནང་དོན་གྱི་འདྲི་རྩད་དང་ཁྱབ་གཏོང་། སྒྲ་སྒམ་གྱི་རྩོལ་ནུས་སྒྲིག་འགོད་དང་བེད་སྤྱོད་སོགས་ཀྱི་རྩོལ་ནུས་མངོན་འགྱུར་ཡོང་ཆེད། རིག་ལྡན་འཚོ་བའི་ཉེར་སྤྱོད་ནང་སྒྲ་སྒམ་ནང་དོན་ཤོག་ངོས་ཕྱོགས་བསྡུས་བྱས་ཡོད། ཁྱེད་ཀྱིས་རིག་ལྡན་འཚོ་བའི་ཁྱིམ་ཆས་ཀྱི་དྲ་ངོས་སུ་རྡེབབ་ནས་སྒྲ་སྒམ་གྱི་བྱང་བུའི་ནང་འཛུལ་ནས། AI སྒྲ་སྒམ་དང་སྒེར་གསང་སྐོར་གྱི་གསལ་བསྒྲགས་(https://consumer.huawei.com/minisite/cloudservice/smart-speaker/privacy-statement.htm?code=CN&language=bo_cn&branchid=7)ལ་བལྟས་ནས་ཞིབ་ཕྲའི་ཆ་འཕྲིན་རྒྱུས་ལོན་བྱེད་ཆོག

1.1.11 སྤྱོད་མཁན་གྱི་ཡིད་ཚིམ་ཚད་བརྟག་དཔྱད།

ང་ཚོའི་ཐོན་རྫས་ཀྱི་ཉམས་ལེན་ལེགས་བཅོས་དང་མཐོར་གཏོང་ཆེད། ཧྭ་ཝེ་མཐའ་སྣེ་ཚད་ཡོད་ཀུང་སིས་ཁྱེད་རང་གི་སྒྲིག་ཆས་ཆ་འཕྲིན། སྒྲིག་ཆས་ཀྱི་གསལ་བྱེད་རྟགས། བཀོལ་སྤྱོད་པར་གཞིའི་ཨང་གྲངས་བཅས་བསྡུ་རུབ་བྱས་ནས་ཁྱེད་རང་ལ་སྤྱོད་མཁན་གྱི་ཉམས་ལེན་ལེགས་སྒྱུར་འདྲི་ཤོག་བརྟག་དཔྱད་འདེད་སྐྱེལ་བྱེད་པར་སྤྱོད་ཀྱི་ཡོད། ཁྱེད་རང་གིས་ང་ཚོའི་འདྲི་ཤོག་བརྟག་དཔྱད་ལ་བཞུགས་པ་བདམས་རྗེས། དང་ཧྭ་ཝེ་མཐའ་སྣེ་ཚད་ཡོད་ཀུང་སིས་ཁྱེད་རང་གི་འདྲི་ཤོག་ལན་འདེབས་བསྡུ་རུབ་བྱས་ཏེ་ཁྱེད་རང་གི་ཐོན་རྫས་བེད་སྤྱོད་བྱེད་པའི་བརྒྱུད་རིམ་ནང་གི་ཉམས་ལེན་ལ་དབྱེ་ཞིབ་བྱེད་པར་སྤྱོད། ཁྱེད་ཀྱིས་ སྤྱོད་མཁན་གྱི་ཉམས་ལེན་ལེགས་སྒྱུར་འདྲི་ཤོག་བརྟག་དཔྱད་འདྲི་ཤོག་གསང་བའི་གསལ་བསྒྲགས་སྐོར་ (https://consumer.huawei.com/minisite/cloudservice/ai-life-china/terms.htm?country=CN&language=bo-cn&branchId=201)ལ་ལྟ་ཞིབ་བྱས་ནས་ཞིབ་ཕྲའི་ཆ་འཕྲིན་ལ་རྒྱུས་ལོན་བྱེད་ཆོག

གལ་ཏེ་ཁྱེད་ཀྱིས་ཆ་འཕྲིན་འདི་ཚོ་མཁོ་འདོན་མ་བྱས་ཚེ། ཐོན་རྫས་ཀྱི་ཉམས་ལེན་མཇུག་འབྲས་ཕྱིར་ལྡོག་ལེན་མི་ཐུབ། འོན་ཀྱང་འདིས་རིག་ལྡན་འཚོ་བའི་རྩོལ་ནུས་གཞན་པ་བཀོལ་སྤྱོད་བྱེད་པར་ཤུགས་རྐྱེན་མི་ཐེབས།

1.2 ཁྱེད་རང་གི་མོས་མཐུན་ཐོབ་རྗེས་ང་ཚོས་ཁྱེད་རང་ལ་གཤམ་གྱི་ལས་སྒོའི་རྩོལ་ནུས་དང་ཞབས་ཞུ་འདོན་སྤྲོད་བྱེད་ཀྱི་ཡོད་པ་མ་ཟད་འབྲེལ་ཡོད་ཀྱི་ཆ་འཕྲིན་ཐག་གཅོད་བྱེད་ཀྱི་ཡོད།

1.2.1 རིག་ལྡན་འཚོ་བའི་ལས་སྒོ་གཉེར་སྐྱོང་།

རིག་ལྡན་འཚོ་བའི་ལས་སྒོའི་གཉེར་སྐྱོང་གི་ཞབས་ཞུ་མཁོ་འདོན་བྱ་ཆེད། ང་ཚོས་ཁྱེད་ཀྱི་གཤམ་གསལ་ཆ་འཕྲིན་འཚོལ་བསྡུ་བྱེད་དགོས་པ་སྟེ། སྤྱོད་མཁན་གྱི་ངོ་རྟགས་དང་། IPགནས་ཡུལ། མིང་རྟགས་བཀོད་པ། བྱ་དགའ་འཐེན་པ་དང་རིག་སྲན་བརྗེ་བའི་ཟིན་ཐོ། ཁྱེད་ཀྱིས་ཚུར་ལན་བྱས་པའི་དངུལ་བརྗེའི་བྱ་དགའི་ཆ་འཕྲིན། (རུས་མིང་དང་ཁ་པར་ཨང་གྲངས། གནས་ཡུལ།) བཟོ་ལྗོངས་ཀྱི་སྟོད་མངགས་བཅས་རེད། ཆ་འཕྲིན་དེ་རིགས་བསྡུ་རུབ་བྱེད་པའི་དམིགས་ཡུལ་ནི་འབྱོར་ཐོ་འགོད་པ་དང་བྱ་དགའ་ལེན་པ། བརྗེ་བ། བཟོ་ལྗོངས་འོས་སྦྱོར་སོགས་ཀྱི་གཉེར་སྐྱོང་བྱེད་སྒོ་སྤེལ་རྒྱུ་དེ་རེད།

ཁྱེད་ལ་བྱ་དགའི་དངོས་རྫས་བསྐུར་ཆེད། ང་ཚོས་ཁྱེད་ཀྱི་འབྲེལ་གཏུག་བྱ་ཐབས་བསྡུ་རུབ་བྱས་ཏེ་ཕྱོགས་གསུམ་པའི་ཟོག་སྐྱེལ་ཀུང་སི་ལ་མཁོ་འདོན་བྱ་དགོས།

གལ་སྲིད་ཁྱེད་ཀྱིས་ཆ་འཕྲིན་འདི་རིགས་མཁོ་འདོན་མ་བྱས་ན་རིག་ལྡན་འཚོ་བའི་ལས་སྒོ་གཉེར་སྐྱོང་བྱེད་མི་ཐུབ། ཁྱེད་ཀྱིས་ངའི་ནས་སྒྲིག་འགོད་ལ་སོང་ནས་རིག་སྲན་ཞབས་ཞུ་ཁ་རྒྱག་ཆོག

འབྱོར་ཐོ་བཀོད་ནས་བྱ་དགའི་རྒྱན་ལེན་རྩོལ་ནུས་དང་རིག་སྲན་བརྗེ་བའི་རྩོལ་ནུས་ཡིས་ཉེར་སྤྱོད་ཁྲོམ་ར་ནས་བཀྲམ་པའི་པར་གཞི་ཁོ་ནར་རྒྱབ་སྐྱོར་བྱེད།

1.2.2 སྤྱོད་མཁན་གྱི་ཉམས་ལེན་ལེགས་བཅོས་འཆར་གཞི།

ཆག་སྐྱོན་ཐག་གཅོད་བྱེད་པ་དང་སྤྱོད་མཁན་གྱི་ཉམས་ལེན་ཇེ་ལེགས་གཏོང་བའི་ཆེད་དུ། ང་ཚོས་ཁྱེད་ཀྱི་གཤམ་གསལ་གྱི་ཆ་འཕྲིན་བསྡུ་རུབ་བྱ་དགོས་ཏེ། རིག་ལྡན་འཚོ་བའི་ཉེར་སྤྱོད་དང་རིག་ལྡན་སྒྲིག་ཆས་ཀྱི་ཉིན་ཐོ། དེའི་ཁྲོད་དུ་མིང་མི་འགོད་པའི་ཐག་གཅོད་བརྒྱུད་པའི་སྒྲིག་ཆས་ཀྱི་ཨང་རྟགས་དང་གཙོ་གནད་ཀྱི་ལས་རིམ་ཉིན་ཐོ། དོན་རྐྱེན་གྱི་ཉིན་ཐོ། ཆག་སྐྱོན་ཟིན་ཐོ་སོགས་ཚུད་ཡོད། ཉིན་ཐོའི་ཁྲོད་དུ་ཁྱེད་ཀྱི་ཚོར་སྣང་སྐྱེན་པོའི་ཆ་འཕྲིན་ཟིན་འགོད་མི་བྱེད།

ང་ཚོས་གཤམ་གསལ་གྱི་བྱེད་ཐབས་ལམ་ནས་ཁྱེད་ཀྱི་མི་སྒེར་ཆ་འཕྲིན་བེད་སྤྱོད་བྱེད་དེ། རང་འགུལ་གྱིས་རིག་ལྡན་འཚོ་བའི་ཉེར་སྤྱོད་དང་རིག་ལྡན་སྒྲིག་ཆས་ཀྱི་ཉིན་ཐོ་བསྡུ་རུབ་བྱེད་ཅིང་ཞབས་ཞུའི་སྟེགས་བུར་ཡར་སྐུར། ཉིན་ཐོའི་ཆ་འཕྲིན་དབྱེ་ཞིབ་དང་སྒྲིག་ཆས་འཁོར་བསྐྱོད་རྣམ་པར་བརྟག་པ། སྒྲིག་ཆས་ཀྱི་ཆག་སྐྱོན་ངོས་འཛིན་དང་གནས་ངེས་བྱེད།

གལ་ཏེ་ཁྱེད་ཀྱིས་ཆ་འཕྲིན་འདི་དག་མཁོ་འདོན་མི་བྱེད་ཚེ། རིག་ལྡན་འཚོ་བའི་ལས་སྒོ་ཡི་ཆག་སྐྱོན་དུས་ལྟར་གསར་རྙེད་དང་ཐག་གཅོད་བྱེད་ཐབས་བྲལ། དུས་ལྟར་སྤྱོད་མཁན་གྱི་ཉམས་ལེན་ཇེ་ལེགས་སུ་གཏོང་ཐབས་བྲལ། འོན་ཀྱང་དེས་ཞབས་ཞུ་འདིའི་རྩ་བའི་རྩོལ་ནུས་བེད་སྤྱོད་པར་ཤུགས་རྐྱེན་མི་ཐེབས། ཁྱེད་རང་ངའི་ནས་སྒྲིག་འགོད་དུ་ཕེབས་ཏེ། ཧྭ་ཝེའི་སྤྱོད་མཁན་གྱི་ཉམས་ལེན་ལེགས་བཅོས་འཆར་གཞིའི་ནང་དུ་ཞུགས་པ་ཡི་ཁ་རྒྱག་ཆོག

1.2.3 ཚོང་དོན་རིག་ལྡན།

རིག་ལྡན་འཚོ་བའི་ཞབས་ཞུའི་སྤུས་ཀ་དཔྱད་དཔོག་དང་སྤྱོད་མཁན་གྱི་ཉམས་ལེན་ཇེ་ལེགས་གཏོང་ཆེད། ང་ཚོས་ཁྱེད་ཀྱི་གཤམ་གསལ་ཆ་འཕྲིན་བསྡུ་རུབ་བྱེད་དགོས། ཉེར་སྤྱོད་ཀྱི་མིང་། པར་གཞི། ཉེར་སྤྱོད་མཚམས་ངོས་ལྟ་སྤྱོད་བྱེད་པའི་དུས་ཡུན་སོགས་ཀྱི་ཉེར་སྤྱོད་ཆ་འཕྲིན། ལག་ཁྱེར་ཁ་པར་གྱི་བཟོ་རྟགས། པར་གཞི་སོགས་ལག་ཁྱེར་ཁ་པར་གྱི་ཆ་འཕྲིན། གནས་སའི་གྲོང་ཁྱེར། ཧྭ་ཝེའི་ཐོ་ཨང་། སྒྲིག་ཆས་ཀྱི་གསལ་བྱེད་རྟགས། སྒྲིག་ཆས་རེའུ་མིག མིང་། རིགས་སྣ་སོགས་ཀྱི་སྒྲིག་ཆས་ཆ་འཕྲིན། ཆ་འཕྲིན་འདིའི་རིགས་བསྡུ་རུབ་བྱེད་པའི་དམིགས་ཡུལ་ནི་ཧྭ་ཝེའི་ཐོ་ཨང་ཞབས་ཞུའི་སྟེགས་བུར་ཐོ་འཇུག་བྱས་ནས་སྤྱོད་མཁན་ཐོབ་ཐང་ར་སྤྲོད་པ་དང་། རིག་ལྡན་འཚོ་བའི་ཉེར་སྤྱོད་ཀྱིས་ཞབས་ཞུ་ཆས་ལ་ལྟ་སྤྱོད་བྱེད་པའི་དབང་ཚད་ཐོབ་ཆེད་ཡིན།

ང་ཚོས་གཤམ་གསལ་བྱེད་ཐབས་ལྟར་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་བེད་སྤྱོད་བྱེད་སྲིད་དེ། སྒྲིག་ཆས་ཀྱི་གསལ་བྱེད་རྟགས་དང་སྤྱོད་མཁན་གསལ་སྟོན་རྟགས་སོགས་ཀྱི་གཞི་གྲངས་མིང་མི་འགོད་པའི་ཐག་གཅོད་བརྒྱུད་རྗེས་གསང་སྡོམ་གྱིས་ཧྭ་ཝེའི་ཞབས་ཞུའི་སྟེགས་བུར་བརྒྱུད་སྐུར་བྱས་ནས་གཞི་གྲངས་བསྡོམས་རྩིས་བྱས་ཏེ། གཞི་གྲངས་བསྡོམས་རྩིས་ཀྱི་སྙན་ཞུའི་རེའུ་མིག་གྲུབ། རིག་ལྡན་འཚོ་བའི་ཞབས་ཞུའི་སྤུས་ཀ་དཔྱད་དཔོག་དང་སྤྱོད་མཁན་ཉམས་ལེན་ཇེ་ལེགས་གཏོང་ཆེད་ཡིན།

གལ་ཏེ་ཁྱེད་ཀྱིས་རིགས་འདིའི་ཆ་འཕྲིན་མཁོ་སྤྲོད་མི་བྱེད་ཚེ། རིག་ལྡན་འཚོ་བའི་ཞབས་ཞུའི་སྤུས་ཚད་དུས་ཐོག་ཏུ་དཔྱད་དཔག་བྱེད་མི་ཐུབ་པ་དང་། རིག་ལྡན་འཚོ་བའི་ཞབས་ཞུའི་སྤྱོད་པ་པོའི་ཉམས་ལེན་ལེགས་སུ་གཏོང་མི་ཐུབ། འོན་ཀྱང་འདིས་ཞབས་ཞུ་འདིའི་གཞི་རྩའི་རྩོལ་ནུས་ལ་ཤུགས་རྐྱེན་ཐེབས་མི་སྲིད། ཁྱེད་རང་ངའི་ནས་སྒྲིག་འགོད་དུ་ཕེབས་ཏེ། ཧྭ་ཝེའི་སྤྱོད་མཁན་གྱི་ཉམས་ལེན་ལེགས་བཅོས་འཆར་གཞིའི་ནང་དུ་ཞུགས་པ་ཡི་ཁ་རྒྱག་ཆོག

1.3 ཁྲིམས་གསལ་འོས་འགན་ནམ་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞན་དག་ནང་གཏན་འབེབས་བྱས་པའི་གནས་ཚུལ་ལ་གཞིགས་ནས། ང་ཚོས་ཁྱེད་རང་གི་གཤམ་གྱི་ཆ་འཕྲིན་བསྡུ་རུབ་དང་ཐག་གཅོད་བྱེད་ཀྱི་ཡིན།

1.3.1 རིག་ལྡན་འཚོ་བའི་ནང་དོན་གྱི་ཉེན་ཁ་ཚོད་འཛིན།

སྦྲེལ་དྲའི་སྤྱོད་མཁན་གྱི་རྩིས་ཐོའི་མིང་གི་དོ་དམ་གཏན་འབེབས་ལྟར་ན། ཁྱེད་ཀྱིས་མིང་བཟོ་བཅོས་རྒྱག་སྐབས།(དཔེར་ན་ཁྱིམ་ཚང་། ཁང་པ་དང་སྒྲིག་ཆས་ཀྱི་མིང་སོགས་བཟོ་བཅོས་རྒྱག་པ།) ང་ཚོས་ཁྱེད་རང་གི་གཅེས་མིང་ཆ་འཕྲིན་བསྡུ་རུབ་བྱས་ནས་གཅེས་མིང་དེ་སྒྲིག་འགལ་གྱི་བྱ་སྤྱོད་ཡོད་མིན་དབྱེ་འབྱེད་བྱེད་པར་སྤྱོད་པ་དང་། གལ་ཏེ་ཡོད་ན་རྒྱུད་ཁོངས་ཀྱིས་རང་འགུལ་ངང་བསྐྱར་འཇོག་བྱེད་སྲིད།

1.3.2 དེའི་ནང་རིག་ལྡན་སྒྲིག་ཆས་དོ་དམ་གྱི་རྨང་གཞིའི་ཞབས་ཞུ་ནི་ཉེར་སྤྱོད་འདིའི་གཞི་རྩའི་རྩོལ་ནུས་ཡིན།

རྩ་བའི་ཞབས་ཞུ་སྤྱད་ནས་རང་གནས་སུ་རིག་ལྡན་སྒྲིག་ཆས་ལ་དོ་དམ་བྱེད་པ། དཔེར་ན་ལམ་སྟོན་ཆས་སོགས། འབྲེལ་ཡོད་སྒྲིག་ཆས་ཀྱི་ཆ་འཕྲིན་སྤྲིན་སྣེ་ལ་བསྐུར་མི་སྲིད། གལ་ཏེ་ཁྱེད་ཀྱིས་གསང་བའི་གསལ་བསྒྲགས་འདི་ལ་མོས་མཐུན་མ་བྱས་ཚེ་རྩ་བའི་རྩོལ་ནུས་འདི་ཁོ་ན་སྤྱོད་ཆོག

2 སྒྲིག་ཆས་དབང་ཚད་འཐེན་སྤྱོད།

ཁ་པར་ (སྒྲིག་ཆས་ཀྱི་ཆ་འཕྲིན།) གྱི་དབང་ཚད། གྱོན་འོས་རིགས་ཀྱི་སྒྲིག་ཆས་འཆར་བར་རྒྱབ་སྐྱོར་བྱ་ཆེད། ང་ཚོས་ཁྱེད་ཀྱི་སྒྲིག་ཆས་ཀྱི་གསལ་བྱེད་ཨང་སྤྱད་ནས་གྱོན་འོས་རིགས་ཀྱི་སྒྲིག་ཆས་གསལ་འབྱེད་བྱེད་དགོས། རྒྱུད་ཁོངས་དབང་ཚད་ཀྱི་རེ་ཞུ་རྩ་དོན་གཞིར་བཟུང་ནས། ཁྱེད་ཀྱི་ཁ་པར་གྱི་དབང་ཚད་ཐོབ་ཐབས་བྱེད་དགོས་ཏེ། དེ་ལྟར་བྱས་ན་ད་གཟོད་ཁྱེད་ཀྱི་སྒྲིག་ཆས་ཀྱི་གསལ་བྱེད་རྟགས་ཀློག་ཐུབ།

གནས་ཡུལ་གྱི་དབང་ཚད། རིག་ལྡན་འཚོ་བའི་ཉེར་སྤྱོད་དྲ་སྦྲེལ་དང་རིག་ལྡན་སྒྲིག་ཆས་ཀྱི་གསར་རྙེད། ཁ་སྣོན་དང་དོ་དམ་མངོན་འགྱུར་འབྱུང་ཆེད། ང་ཚོས་རྒྱུད་ཁོངས་ཀྱི་ WLAN རེའུ་མིག་དང་སོ་སྔོན་སྒྲིག་ཆས་ཀྱི་རེའུ་མིག་ལེན་དགོས། རྒྱུད་ཁོངས་དབང་ཚད་ཀྱི་རེ་ཞུ་རྩ་དོན་གཞིར་བཟུང་ནས། ཁྱེད་ཀྱི་གནས་ཡུལ་གྱི་དབང་ཚད་ཐོབ་ཐབས་བྱེད་དགོས་ཏེ། དེ་ལྟར་བྱས་ན་ད་གཟོད་ WLAN རེའུ་མིག་དང་སོ་སྔོན་སྒྲིག་ཆས་ཀྱི་རེའུ་མིག་ཀློག་ཐུབ། ཁྱེད་རང་གིས་བཟོ་ལྗོངས་ཤོག་བྱང་རིམ་སྒྲིག་བྱེད་སྐབས་ས་ཁམས་གནས་ཡུལ་སྒྲིག་འགོད་བྱེད་པར་སྟབས་བདེ་བསྐྲུན་ཆེད། ཁྱེད་ཀྱི་གནས་ཡུལ་གྱི་དབང་ཚད་ཀྱང་ཐོབ་ཐབས་བྱེད་དགོས། ཁྱིམ་ཡོངས་ཀྱི་རིག་ལྡན་ཡན་ལན་རྒྱུད་ཁོངས་ཁྲོད་དུ་ཁྱེད་ལ་གནས་ཡུལ་གཞིར་བྱས་པའི་ཞབས་ཞུ་མཁོ་འདོན་བྱེད་བདེ་ཆེད། ད་དུང་ཁྱེད་ཀྱི་གནས་ཡུལ་གྱི་དབང་ཚད་ཀྱང་ཐོབ་ཐབས་བྱེད་དགོས།

པར་ཆས་ཀྱི་དབང་ཚད། རིག་ལྡན་འཚོ་བའི་ཁྲོད་ནས་རྩ་གཉིས་རྟགས་རིས་ལ་བཤེར་འབེབས་ཀྱིས་སྤྱོད་མཁན་སྣོན་པ་སོགས་ཀྱི་རྩོལ་ནུས་སྤྱོད་པ་མངོན་འགྱུར་འབྱུང་ཆེད། ཁྱེད་ཀྱིས་རྩོལ་ནུས་འདིའི་ཁ་འབྱེད་པ་གདམ་དགོས།

ཁ་པར་ཐོ་དེབ་ཀྱི་དབང་ཚད། རིག་ལྡན་འཚོ་བའི་ཁྲོད་ནས་སྒྲིག་ཆས་མཉམ་སྤྱོད་སོགས་ཀྱི་རྩོལ་ནུས་སྤྱོད་པ་མངོན་འགྱུར་འབྱུང་ཆེད། ཁྱེད་ཀྱིས་རྩོལ་ནུས་འདིའི་ཁ་འབྱེད་པ་གདམ་དགོས།

སྒྲ་དུང་གི་དབང་ཚད། རིག་ལྡན་འཚོ་བའི་ཁྲོད་ནས་རིག་ལྡན་སྒྲིག་ཆས་ཀྱི་སྐད་གདངས་ཀྱི་ཁ་པར་གཏོང་ལེན་དང་། སྒྲ་ཟློས་ཕབ་བཟོའི་རྩོལ་ནུས་དང་ཁྱེད་རང་གིས་རང་སྒྲིག་གི་སྐད་གདངས་ཕབ་འཇུག་མངོན་འགྱུར་འབྱུང་ཆེད། ཁྱེད་ཀྱིས་རྩོལ་ནུས་འདིའི་ཁ་འབྱེད་པ་གདམ་དགོས།

གསོག་འཇོག་དབང་ཚད། རིག་ལྡན་འཚོ་བའི་ཁྲོད་ནས་གནད་དོན་ལྡོག་འདྲེན་དང་། རིག་སྲན་རྒྱན་ལེན་དང་བཟོ་ལྗོངས་ཤོག་བྱང་གསོག་འཇོག་ནང་གི་སྒྲིག་འགོད་སོགས་ཀྱི་རྩོལ་ནུས་མངོན་འགྱུར་ཡོང་ཆེད། ཁྱེད་ཀྱིས་རྩོལ་ནུས་འདིའི་ཁ་འབྱེད་པ་གདམ་དགོས་ལ། ཡིག་ཆ་སྒྲིག་ཆས་སྟེང་ཉར་ཚགས་བྱེད་པ་དང་སྒྲིག་ཆས་སྟེང་ཉར་ཚགས་བྱས་པའི་ཡིག་ཆ་ཀློག་འདོན་དུ་སྤྱོད་པ་རེད།

སྒྲིག་འཇུག་བྱས་ཟིན་པའི་ཉེར་སྤྱོད་རེའུ་མིག་གི་དབང་ཚད། སྐུད་མེད་ཤོང་ཆེའི་ཐོན་རྫས་ཀྱི་བཞུར་ཚད་མེད་པའི་ཉེར་སྤྱོད་མཉམ་སྤྱོད་བྱེད་པའི་རྩོལ་ནུས་མངོན་འགྱུར་བྱེད་ཆེད། ཁྱེད་རང་གིས་དབང་ཚད་འདི་ཁ་ཕྱེ་བ་གདམ་ག་བྱེད་དགོས།

གོང་བརྗོད་དབང་ཚད་ཕུད། ཉེར་སྤྱོད་འདི་སོ་སྔོན་སྒྲིག་ཆས་དང་སྦྲེལ་བའམ་ཡང་ན་ NFC བརྒྱུད་ནས་སྒྲིག་ཆས་དང་སྦྲེལ་སྐབས། སོ་སྔོན་ནམ་ཡང་ན་ NFC ཁ་འབྱེད་དགོས་ཏེ། གལ་ཏེ་ཁ་མ་ཕྱེ་ཚེ་སྒྲིག་ཆས་དང་སྦྲེལ་ཐབས་བྲལ། ཁྱེད་ཀྱིས་རྒྱུད་ཁོངས་སྒྲིག་འགོད་བརྒྱུད་ནས་སོ་སྔོན་ནམ་ཡང་ན་ NFC ཁ་རྒྱག་ཆོག

ཁྱེད་ཀྱིས་དུས་དང་རྣམ་པ་ཀུན་ཏུ་རྒྱུད་ཁོངས་ཀྱི་སྒྲིག་འགོད་ལྟ་སྤྱོད་བྱས་ནས་ཉེར་སྤྱོད་འདིའི་དབང་ཚད་ལ་དོ་དམ་བྱས་ཆོག

3 མི་སྒེར་གྱི་ཁྱད་ཆོས་ལྡན་པའི་འོས་སྦྱོར།

ཁྱེད་རང་གི་མོས་མཐུན་ཐོབ་རྗེས་ང་ཚོས་ཁྱེད་རང་ལ་གཤམ་གྱི་ལས་སྒོའི་རྩོལ་ནུས་འདོན་སྤྲོད་བྱེད་ཀྱི་ཡོད་པ་དང་། རིག་ལྡན་འཚོ་བའི་ཉེར་སྤྱོད་ལས་བྱུང་བའི་བསྡོམས་རྩིས་ཆ་འཕྲིན་གཞིར་བཟུང་ཁྱེད་རང་ལ་སྤྲོ་བ་ཡོད་སྲིད་པའི་ནང་དོན་(དེའི་ནང་ཚོང་ལས་ཀྱི་བརྡ་ཁྱབ་ཁག་གཅིག་ཚུད་ཡོད།)འབུད་སྐྱེལ་བྱ་རྒྱུ་ཡིན། དེའི་ནང་བརྡ་ཐོ་སྒྲོམ་མམ་ཡང་ན་ཉེར་སྤྱོད་ནང་བྱེད་སྒོ་དང་། བྱ་དགའ་ཐོབ་པ། དཔྱད་བརྗོད་སོགས་ཀྱི་བརྡ་འཕྲིན་འགྲེམ་སྟོན་བྱེད་པ་ཙམ་མ་ཡིན་པར་ཁྱེད་རང་ལ་དེ་བས་ལེགས་པའི་བེད་སྤྱོད་ཉམས་ལེན་དང་རང་གཤིས་ཅན་གྱི་ཞབས་ཞུ་མཁོ་འདོན་བྱེད་བདེ་ཡོང་ཆེད་ཡིན། རྩོལ་ནུས་དེ་ལ་ཁྱེད་ཀྱིས་དབང་སྤྲོད་བཏང་རྗེས་ཁ་ཕྱེ་དགོས། ཁྱེད་རང་ངའི་ནས་སྒྲིག་འགོད་དུ་བསྐྱོད་དེ། དེ་ནས་མི་སྒེར་གྱི་ཁྱད་ཆོས་ལྡན་པའི་འོས་སྦྱོར་ཁ་བརྒྱབ་ནས་རྩོལ་ནུས་འདི་ཁ་རྒྱག་ཆོག

མི་སྒེར་གྱི་ཆ་འཕྲིན་དང་འབྲེལ་བའི་ནང་འདུས་པ་ནི། ཁྱེད་ཀྱི་ཧྭ་ཝེའི་ཐོ་ཨང་གི་ཆ་འཕྲིན། སྒྲིག་ཆས་ཀྱི་གསལ་བྱེད་རྟགས། ཉེར་སྤྱོད་ཀྱི་རྩ་བའི་ཆ་འཕྲིན། ཁྱེད་ཀྱིས་ཉེར་སྤྱོད་འདི་བེད་སྤྱོད་བཏང་བའི་ཆ་འཕྲིན་གྱི་སྐོར་དང་། སྒྲིག་ཆས་ཀྱི་མཁྲེགས་ཆས་ཆ་འཕྲིན་བཅས་འདུས།

མི་སྒེར་གྱི་ཁྱད་ཆོས་ལྡན་པའི་འོས་སྦྱོར་ཁ་བརྒྱབ་རྗེས། ཁྱེད་ལ་སྔར་བཞིན་རིག་ལྡན་འཚོ་བའི་ལས་སྒོའི་འབྲེལ་ཡོད་ཀྱི་སྐབས་བསྟུན་འབུད་སྐྱེལ་བརྡ་འཕྲིན་འབྱོར་སྲིད། ཁྱེད་རང་ངའི་ནས་སྒྲིག་འགོད་དུ་བསྐྱོད་དེ། བརྡ་འཕྲིན་གྱི་བརྡ་ཐོའི་ཁ་བརྒྱབ་ནས་བརྡ་འཕྲིན་འབུད་སྐྱེལ་བྱེད་པའི་ཁ་རྒྱག་ཆོག

4 ལོ་ན་མ་སོན་པའི་སྐྱེ་བོའི་སྲུང་སྐྱོབ།

ང་ཚོས་སྐྱེ་བོ་ལོ་ན་མ་སོན་པའི་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བྱ་རྒྱུར་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། ཧྭ་ཝེ་ཡིས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་བླང་བྱ་ནན་པོ་གཞིར་བཟུང་སྐྱེ་བོ་ལོ་ན་མ་སོན་པས་ཞབས་ཞུ་སྤྱོད་སྐབས་དེ་མཚུངས་ཀྱི་སྲུང་སྐྱོང་མཁོ་འདོན་བྱ་རྒྱུ་ཡིན། གལ་ཏེ་ཁྱེད་ནི་ལོ་ན་མ་སོན་པའི་མི་ཡིན་ན། ཁྱེད་ཀྱི་ཕ་མའམ་ལྟ་སྐྱོང་བྱེད་མི་གཞན་གྱིས་ཁྱེད་ཀྱིས་ཉེར་སྤྱོད་འདི་བཀོལ་སྤྱོད་བྱེད་པར་མོས་མཐུན་དང་འབྲེལ་ཡོད་ཉེར་སྤྱོད་ཀྱི་ཞབས་ཞུའི་དོན་ཚན་ལ་མོས་མཐུན་བྱེད་དགོས། ཕ་མའམ་ལྟ་སྐྱོང་བྱེད་མིས་ཀྱང་འོས་ཤིང་འཚམ་པའི་སྔོན་འགོག་བྱ་ཐབས་སྤྱད་ནས་ལོ་ན་མ་སོན་པར་སྲུང་སྐྱོབ་བྱ་དགོས་ཏེ། དེའི་ནང་དུ་ཁོ་ཚོས་ཉེར་སྤྱོད་འདི་བེད་སྤྱོད་བྱ་བར་ལྟ་སྐུལ་བྱ་རྒྱུ་ཚུད་ཡོད།

ལྷག་པར་དུ། གལ་ཏེ་ཁྱེད་ནི་བྱིས་པ་(ལོ་བཅུ་བཞི་ལ་མ་སོན་པའི་ལོ་ན་མ་སོན་པའི་སྐྱེ་བོ།)ཡིན་ན། ཁྱེད་རང་གིས་ང་ཚོའི་ཞབས་ཞུ་བེད་སྤྱོད་མ་བྱས་གོང་། ངེས་པར་དུ་ཁྱེད་རང་གི་ཕ་མའམ་ཡང་ན་ལྟ་སྐྱོང་བྱེད་མི་གཞན་དག་དང་མཉམ་དུ་ནན་ཏན་གྱི་སྒོ་ནས་གསལ་བསྒྲགས་འདི་དང་དེ་བཞིན་ང་ཚོས་ཆེད་དུ་གཏན་འབེབས་བྱས་པའི་ ཧྭ་ཝེའི་འཛད་སྤྱོད་པའི་ལས་སྒོ་དང་བྱིས་པའི་སྒེར་གསང་སྲུང་སྐྱོང་གསལ་བསྒྲགས་ (https://consumer.huawei.com/minisite/legal/childprivacy/statement.htm?code=CN&language=bo-CN)ལྟ་ཀློག་བྱེད་རྒྱུའི་བརྡ་ཐོ་གཏོང་དགོས། དེར་མ་ཟད་ཁྱེད་རང་གི་ཕ་མའམ་ཡང་ན་ལྟ་སྐྱོང་བྱེད་མིས་མོས་མཐུན་དང་མཛུབ་སྟོན་བྱས་རྗེས། ང་ཚོའི་ཞབས་ཞུ་བེད་སྤྱོད་པའམ་ཡང་ན་ང་ཚོར་ཆ་འཕྲིན་མཁོ་འདོན་བྱེད་ཆོག གལ་ཏེ་ཁྱེད་ནི་བྱིས་པའི་ཕ་མ་དང་ལྟ་སྐྱོང་བྱེད་མི་གཞན་དག་ཡིན་ན། ཁྱེད་ཀྱིས་ལྟ་སྐྱོང་བྱེད་པའི་བྱིས་པས་ཁྱེད་ཀྱི་མོས་མཐུན་དང་མཛུབ་སྟོན་འོག་ང་ཚོའི་ཞབས་ཞུ་སྤྱོད་པ་དང་ང་ཚོར་ཆ་འཕྲིན་འདོན་སྤྲོད་བྱེད་པར་ཁག་ཐེག་གནང་རོགས།

5 ཕྱོགས་གསུམ་པ་དང་མཉམ་སྤྱོད་བྱེད་པ།

ཁྱེད་ལ་རྩོལ་ནུས་/ཞབས་ཞུ་ཁ་ཤས་འདོན་སྤྲོད་བྱེད་ཆེད། དཔེར་ན་ང་ཚོས་ཕྱོགས་གསུམ་པའི་སྐྱེ་ཁམས་ཞབས་ཞུ་མཁོ་འདོན་ཚོང་པར་ཚོང་རྫས་རྐྱང་པའི་དོ་དམ་ནུས་པ་དང་སྐད་འཕྲིན་ཉེར་སྤྱོད་ལ་བརྟེན་ནས་རིག་ལྡན་སྒྲིག་ཆས་ཀྱི་བརྡ་འཕྲིན་བསྡུ་ལེན་བྱེད་པའི་ནུས་པ་སོགས་མཁོ་འདོན་བྱེད་ཀྱི་ཡོད། ང་ཚོས་ཁྱེད་རང་གི་མི་སྒེར་གྱི་ཆ་འཕྲིན་དེ་ཕྱོགས་གསུམ་པར་མཁོ་འདོན་བྱེད་དགོས། ཁྱེད་ཀྱི་གཞི་གྲངས་ཀྱི་བདེ་འཇགས་དང་སྒེར་གསང་ལ་འགན་ལེན་བྱ་ཆེད། ང་ཚོས་མཉམ་ལས་རོགས་ཟླ་དང་གཞི་གྲངས་བདེ་འཇགས་སྲུང་སྐྱོང་གི་གྲོས་མཐུན་བཞག་སྟེ། མཉམ་ལས་རོགས་ཟླས་ཁྱེད་ཀྱི་གཞི་གྲངས་ལ་སྲུང་སྐྱོང་བྱེད་པའི་འགན་འཁྲི་དང་། འོས་འགན། བླང་བྱ་བཅས་ཁ་གསལ་བཟོས་ཡོད། ཞིབ་ཕྲའི་གནས་ཚུལ་ཐད་ནས་ ཕྱོགས་གསུམ་པའི་མཉམ་སྤྱོད་ཆ་འཕྲིན་གྱི་གསལ་ཐོ་(https://privacy.consumer.huawei.com/legal/smarthome/privacy-statement.htm?code=CN&language=bo-cn&branchid=999&contenttag=3rdshare)ལ་ཟུར་དཔྱད་གནང་རོགས།

6 ཕྱོགས་གསུམ་པའི་SDK

ཁྱེད་རང་ལ་རྩོལ་ནུས།/ཞབས་ཞུ་ཁ་ཤས་འདོན་སྤྲོད་བྱེད་ཆེད། ཞབས་ཞུ་ཁ་ཤས་ང་ཚོ་དང་མཉམ་ལས་རོགས་ཟླས་མཉམ་དུ་ཁྱེད་ལ་མཁོ་འདོན་བྱ་དགོས། དཔེར་ན། ཕྱོགས་གསུམ་པའི་རིག་ལྡན་ཁྱིམ་མཁོ་ཞབས་ཞུ། བརྡ་འཕྲིན་འདེད་སྐྱེལ་སོགས་ལྟ་བུ། དེའི་ཕྱིར་ང་ཚོས་མཉམ་ལས་རོགས་ཟླའི་མཉེན་ཆས་གསར་སྤེལ་ཁུག་མ་(བསྡུས་མིང་ལ་SDKཟེར།)དང་ཡང་ན་དེ་དང་འདྲ་བའི་ཉེར་སྤྱོད་གོ་རིམ་གཞན་དག་གཅིག་ཏུ་བསྡུས་ཡོད། དེ་བས་མང་བའི་གནས་ཚུལ་ལ་ཕྱོགས་གསུམ་པའི་SDKརེའུ་མིག་ (https://privacy.consumer.huawei.com/legal/smarthome/privacy-statement.htm?code=CN&language=bo-cn&branchid=999&contenttag=3rdsdk)ལ་ལྟ་ཀློག་གནང་རོགས།

7 ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་ལ་དོ་དམ་བྱེད་པ།

ཧྭ་ཝེ་ཡིས་ཁྱེད་ཀྱིས་མི་སྒེར་གྱི་ཆ་འཕྲིན་ལ་དོ་ཁུར་བྱེད་པར་བརྩི་འཇོག་ཆེན་པོ་བྱེད་པ་མ་ཟད། ཁྱེད་ལ་གཤམ་གསལ་གཞི་གྲངས་གྲུབ་ཆ་གཙོ་བོའི་ཁེ་དབང་དང་གདམ་གསེས་མཁོ་སྤྲོད་བྱས་ཡོད།

(1) ཆ་འཕྲིན་ལ་ལྟ་སྤྱོད་བྱེད་པ།

ཁྱེད་ཀྱིས་སྦྲེལ་ཟིན་པའི་རིག་ལྡན་སྒྲིག་ཆས་ཀྱི་ལྡེབ་ངོས་ཀྱི་གཙོ་ངོས་ནས་སྒྲིག་ཆས་འཁོར་སྐྱོད་ཀྱི་རྣམ་པ་དང་ལོ་རྒྱུས་ཀྱི་ཟིན་ཐོར་བལྟ་ཆོག་ལ། སྒྲིག་ཆས་ཀྱི་སྒྲིག་འགོད་དྲ་ངོས་ནས་སྒྲིག་ཆས་ཀྱི་ཆ་འཕྲིན་ལ་བལྟ་ཆོག དེའི་ནང་དུ་སྒྲིག་ཆས་ཀྱི་མིང་དང་། སྒྲིག་ཆས་ཀྱི་གནས་ས། བཟོ་གྲྭའི་མིང་། MAC གནས་ཡུལ། རིམ་སྟར་ཨང་རྟགས། སྒྲིག་ཆས་ཀྱི་དྲ་རྒྱའི་ཆ་འཕྲིན་སོགས་འདུས་ཡོད།

ཁྱེད་ཀྱིས་ངའི་ནས་མཉམ་སྤྱོད་དོ་དམ་གྱི་དྲ་ངོས་ནས་ཁྱིམ་ཚང་གི་ཚོགས་པའི་ཆ་འཕྲིན་ལ་བལྟ་ཆོག་ལ། བཟོ་ལྗོངས་ནས་ངའི་བཟོ་ལྗོངས་དྲ་ངོས་ལ་ལྟ་སྤྱོད་བྱས་ཏེ་བཟོ་ལྗོངས་སྒྲིག་འགོད་ཀྱི་ཆ་འཕྲིན་ལ་བལྟ་ཆོག གཞན་ད་དུང་རྩིས་ཐོའི་མགོ་རིས་ལ་རྡེབ་ནས་ཧྭ་ཝེའི་ཐོ་ཨང་གི་ཉེར་སྤྱོད་དུ་ལྡིང་ནས་ཁྱེད་ཀྱི་རྩིས་ཐོའི་ཆ་འཕྲིན་ལ་བལྟ་ཆོག ངའི་ཚོང་ར་ལ་རྡེབ་ནས་ཧྭ་ཝེ་ཁྲོམ་ར་ཡི་ཉེར་སྤྱོད་དུ་སོང་ནས་ཁྱེད་ཀྱི་ཚོང་ཁྲོམ་གྱི་སྒྲིག་འགོད་ཀྱི་ཆ་འཕྲིན་དང་བཀོལ་སྤྱོད་ཀྱི་ཟིན་ཐོ་བལྟ་ཆོག

(2) ཆ་འཕྲིན་བཅོས་པ།

ཁྱེད་རང་གིས་ཁྱེད་རང་གི་མི་སྒེར་གྱི་ཆ་འཕྲིན་གསར་སྒྱུར་བྱེད་དགོས་པའམ་ཡང་ན་ང་ཚོས་ཁྱེད་རང་གི་མི་སྒེར་གྱི་ཆ་འཕྲིན་ཐག་གཅོད་བྱེད་སྟངས་ལ་ནོར་འཁྲུལ་ཡོད་པ་ཤེས་སྐབས་ཁྱེད་རང་ལ་དག་བཅོས་དང་གསར་སྒྱུར་བྱེད་པའི་དབང་ཆ་ཡོད།

ཁྱེད་ཀྱིས་བསྡམས་ཟིན་པའི་རིག་ལྡན་སྒྲིག་ཆས་ཀྱི་གཙོ་ངོས་དང་སྒྲིག་ཆས་ཀྱི་སྒྲིག་འགོད་མཚམས་ངོས་སུ་སྒྲིག་ཆས་འཁོར་བསྐྱོད་ཀྱི་དཔྱད་གྲངས་སྒྲིག་འགོད་དང་སྒྲིག་ཆས་ཀྱི་ཆ་འཕྲིན་བཟོ་བཅོས་བྱེད་ཆོག

ཁྱེད་ཀྱིས་ངའི་ནས་མཉམ་སྤྱོད་དོ་དམ་གྱི་དྲ་ངོས་སུ་ཕེབས་ནས་ཁྱིམ་ཚང་གི་ཚོགས་པའི་ཆ་འཕྲིན་ལ་བཟོ་བཅོས་རྒྱག་ཆོག་ལ། བཟོ་ལྗོངས་ནས་ངའི་བཟོ་ལྗོངས་དྲ་ངོས་སུ་ལྟ་སྤྱོད་བྱས་ཏེ་བཟོ་ལྗོངས་སྒྲིག་འགོད་ཀྱི་ཆ་འཕྲིན་ལ་བཟོ་བཅོས་བཏང་ཆོག་པ་དང་། རྩིས་ཐོའི་མགོ་པར་ལ་རྡེབ་ནས་དྲ་གྲངས་ལྟེ་གནས་ཉེར་སྤྱོད་དུ་ཕེབས་ནས་ཁྱེད་ཀྱི་རྩིས་ཐོའི་ཆ་འཕྲིན་ལ་བཟོ་བཅོས་བཏང་ཆོག ངའི་ནས་ངའི་ཚོང་ར་ལ་རྡེབ་ནས་ཧྭ་ཝེ་ཁྲོམ་ར་ཡི་ཉེར་སྤྱོད་དུ་ཕེབས་ནས་ཁྱེད་ཀྱི་ཚོང་ཁྲོམ་གྱི་སྒྲིག་འགོད་ཆ་འཕྲིན་ལ་བཟོ་བཅོས་བཏང་ཆོག

(3) ཆ་འཕྲིན་སུབ་པ།

ཁྱེད་ཀྱིས་ག་དུས་ཡིན་ཡང་སྒྲིག་ཆས་ཀྱི་བྱང་བུ་བསུབ་པའམ་སྒྲིག་ཆས་དང་བསྡམ་པ་ཤིག་པ་བརྒྱུད་ནས་ཁྱེད་ཀྱིས་བསྡམས་ཟིན་པའི་རིག་ལྡན་སྒྲིག་ཆས་གསུབ་པ་དང་། རིག་ལྡན་འཚོ་བའི་ཉེར་སྤྱོད་རང་གནས་དང་ཞབས་ཞུ་ཆས་ཐོག་ཉར་ཚགས་བྱས་པའི་སྒྲིག་ཆས་ཀྱི་ཆ་འཕྲིན་གཙང་སེལ་བྱེད་ཆོག

ཁྱེད་ཀྱིས་ག་དུས་ཡིན་ཡང་བཟོ་ལྗོངས། ངའི་བཟོ་ལྗོངས་དྲ་ངོས་ལ་ཕེབས་ནས་ཁྱེད་ཀྱིས་སྔོན་མངགས་བྱས་པའི་བཟོ་ལྗོངས་ཤོག་བྱང་སུབ་པ་དང་། ཞབས་ཞུ་ཆས་ཐོག་ཉར་ཚགས་བྱས་པའི་ཁྱེད་རང་གི་བཟོ་ལྗོངས་ཤོག་བྱང་གི་སྒྲིག་འགོད་ཆ་འཕྲིན་དུས་གཅིག་ཏུ་བསུབ་རྒྱུ་ཡིན།

ཁྱེད་ཀྱིས་ག་དུས་ཡིན་ཡང་རིག་ལྡན་འཚོ་བའི་ཁྲོད་དུ་ངའི་དུ་ཕེབས་ནས་རྩིས་ཨང་གི་མགོ་པར་ལ་རྡེབ་ནས་དྲ་གྲངས་ལྟེ་གནས་སུ་མཆོང་སྒྱུར་བྱས་ནས། ངའི་ཆ་འཕྲིན་གྱི་ལེ་ཚན་འོག་རྩིས་ཨང་དང་བདེ་འཇགས། དེ་བས་མང་བ། དེ་ནས་བདེ་འཇགས་ལྟེ་གནས་བདམས་ནས་ཁྱེད་ཀྱི་ཧྭ་ཝེའི་ཐོ་ཨང་གི་ལྟ་སྤྱོད་དང་། ཐོ་ཨང་སུབ་པ་བཅས་ལ་ཚོད་འཛིན་བྱེད་ཆོག

ཁྱེད་ཀྱིས་ག་དུས་ཡིན་ཡང་རིག་ལྡན་འཚོ་བའི་ཉེར་སྤྱོད་བཤིག་ཕབ་བྱེད་པའམ་ཡང་ན་རིག་ལྡན་འཚོ་བའི་ཉེར་སྤྱོད་གཞི་གྲངས་གཙང་སེལ་བྱེད་པ་བརྒྱུད་ནས། རིག་ལྡན་འཚོ་བའི་ཉེར་སྤྱོད་ཀྱི་རང་གནས་སུ་ཉར་ཚགས་བྱེད་པའི་གཞི་གྲངས་གཙང་སེལ་བྱ་ཆོག དེ་མིན་རིག་ལྡན་འཚོ་བའི་ཁྲོད་ཀྱི་ངའི་ནས་སྒྲིག་འགོད། དེ་ནས་སྐོར་དུ་བསྐྱོད་དེ། ཞབས་ཞུ་མཚམས་འཇོག་ལ་རྡེབ་སྟེ་རིག་ལྡན་འཚོ་བ་སྤྱོད་མཚམས་འཇོག་པ་མ་ཟད་རིག་ལྡན་འཚོ་བའི་ཉེར་སྤྱོད་ཀྱི་རང་གནས་དང་ཞབས་ཞུ་ཆས་ཀྱི་ཐོག་ཉར་ཚགས་བྱས་པའི་མི་སྒེར་གྱི་ཆ་འཕྲིན་གཙང་སེལ་བྱ་ཆོག

(4) ཕྱིར་འཐེན་བྱེད་པར་མོས་མཐུན་ཡོད་པ།

གལ་ཏེ་ཁྱེད་ཀྱིས་ཁྱེད་ཀྱི་ཆ་འཕྲིན་ཐག་གཅོད་ཕྱིར་འཐེན་བྱ་དགོས་ན། ཁྱེད་ཀྱིས་གཤམ་གྱི་ལས་སྒོ་དོ་མཉམ་པའི་བརྒྱུད་ལམ་དུ་སོང་ནས་ཁྱེད་ཀྱི་མོས་མཐུན་ཕྱིར་འཐེན་བྱེད་ཆོག

ཁྱེད་རང་ངའི། སྒྲིག་འགོད། སྐོར། དེ་ནས་རིག་སྲན་ཞབས་ཞུ་རུ་བསྐྱོད་དེ། རིག་སྲན་ཞབས་ཞུ་ཕྱིན་འཐེན་བྱས་ནས། མི་སྒེར་གྱི་ཆ་འཕྲིན་སྤྱོད་དབང་གི་མོས་མཐུན་ཕྱིར་འཐེན་བྱེད་ཆོག

ཁྱེད་ཀྱིས་ངའི་ནས་སྒྲིག་འགོད། དེ་ནས་ཧྭ་ཝེའི་སྤྱོད་མཁན་གྱི་ཉམས་ལེན་ལེགས་བཅོས་འཆར་གཞིའི་ནང་དུ་ཞུགས་པ་ལ་ལྟ་སྤྱོད་བྱེད་ནས། སྤྱོད་པ་པོའི་ཉམས་ལེན་ལེགས་བཅོས་འཆར་གཞི་དང་ཚོང་དོན་རིག་ལྡན་ལས་བུད་དེ། མི་སྒེར་གྱི་ཆ་འཕྲིན་བེད་སྤྱོད་བྱེད་པའི་མོས་མཐུན་ཕྱིར་འཐེན་བྱེད་ཆོག

8 ཞབས་ཞུ་མཚམས་འཇོག་པའི་

ཁྱེད་ཀྱིས་རིག་ལྡན་འཚོ་བའི་ཁ་ཕྱེ་སྟེ་ངའི་ནས་སྒྲིག་འགོད། སྐོར་ལ་བསྐྱོད་ནས། ཞབས་ཞུ་མཚམས་འཇོག་ལ་རྡེབ་སྟེ་མི་སྒེར་ཆ་འཕྲིན་བེད་སྤྱོད་པའི་མོས་མཐུན་ཕྱིར་འཐེན་བྱེད་པ་མ་ཟད་རིག་ལྡན་འཚོ་བའི་ཞབས་ཞུ་བེད་སྤྱོད་པ་མཚམས་འཇོག་ཆོག ཐེངས་རྗེས་མར་རིག་ལྡན་འཚོ་བའི་ཞབས་ཞུ་བེད་སྤྱོད་སྐབས་ཡང་བསྐྱར་དབང་སྤྲོད་བྱ་དགོས། གལ་ཏེ་ཁྱེད་ཀྱིས་ཁྱེད་ཀྱི་གཞི་གྲངས་གྲུབ་ཆ་གཙོ་བོའི་ཁེ་དབང་ལ་དོགས་གནད་དང་བསམ་འཆར། ཡང་ན་གྲོས་འགོ་གང་རུང་ཡོད་ཚེ། གསལ་བསྒྲགས་འདིའི་ནང་ཇི་ལྟར་ང་ཚོར་འབྲེལ་གཏུག་བྱེད་ཅེས་པའི་ས་བཅད་ནང་དུ་བརྗོད་པའི་བྱ་ཐབས་བརྒྱུད་ནས་ང་ཚོ་དང་འབྲེལ་གཏུག་གནང་བ་མ་ཟད། ཁྱེད་ཀྱི་འབྲེལ་ཡོད་ཁེ་དབང་ལག་ལེན་བསྟར་ཆོག

ཁྱེད་ཀྱིས་ཀྱང་ཁྱེད་ཀྱི་ཧྭ་ཝེའི་ལག་ཁྱེར་ཁ་པར་དང་ངོས་ལེབ་དུ་དྲ་གྲངས་ལྟེ་གནས་ནས་གསང་བའི་ལྟེ་གནས། དེ་ནས་ཁྱེད་ཀྱི་གཞི་གྲངས་འདྲ་བཤུས་ཐོབ་ཐབས་བྱེད་པར་ལྟ་སྤྱོད་བྱེད་པའམ་ཡང་ན་ཁྱེད་ཀྱི་གློག་ཀླད་ཐོག་ཧྭ་ཝེའི་ཐོ་ཨང་སྤྱད་ནས་ཧྭ་ཝེའི་གསང་བའི་ལག་ཆའི་དྲ་ཚིགས (https://privacy.consumer.huawei.com/tool?lang=bo-cn&themeName=blue)་ལ་ཐོ་འཇུག་བྱེད་པ་དང་། དེ་ནས་ཁྱེད་ཀྱི་གཞི་གྲངས་འདྲ་བཤུས་ཐོབ་ཐབས་བྱེད་པ་ལ་རྡེབ་ནས་ཧྭ་ཝེ་ཡིས་གསོག་འཇོག་བྱས་པའི་ཁྱེད་ཀྱི་ཧྭ་ཝེའི་ཐོ་ཨང་དང་འབྲེལ་བའི་མི་སྒེར་གྱི་ཆ་འཕྲིན་འདྲ་བཤུས་ལེན་ཐུབ།

9 ཆ་འཕྲིན་གསོག་འཇོག་བྱེད་གནས་དང་ཡུན་ཚད།

གོང་གསལ་ཆ་འཕྲིན་དག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ཀྱི་ཞབས་ཞུ་ཆས་ཐོག་བརྒྱུད་གཏོང་དང་ཉར་ཚགས་བྱེད།

ང་ཚོས་གསལ་བསྒྲགས་འདིར་བརྗོད་པའི་དམིགས་ཡུལ་མངོན་འགྱུར་ཡོང་བར་ངེས་པར་དགོས་པའི་དུས་ཚོད་ཁོ་ནའི་ནང་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་ཉར་གསོག་བྱེད་པ་མ་ཟད། གཤམ་དུ་བརྗོད་པའི་ཉར་གསོག་གི་དུས་ཚོད་ལས་བརྒལ་རྗེས་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་གསུབ་པའམ་མིང་མི་འགོད་པའི་ཐོག་ནས་ཐག་གཅོད་བྱེད། འོན་ཀྱང་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་ཟུར་དུ་རེ་བ་བཏོན་ཡོད་པ་ཕུད།

རིག་ལྡན་འཚོ་བའི་ལས་སྒོ་གཉེར་སྐབས་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་ཉར་འཇོག་བྱེད་པའི་དུས་ཚོད་གཤམ་གསལ་ལྟར།

རིག་ལྡན་འཚོ་བའི་ཉེར་སྤྱོད་རང་གནས་སུ་ཉར་ཚགས་བྱེད་པའི་གཞི་གྲངས་ལ་མཚོན་ན། ཁྱེད་ཀྱིས་རིག་ལྡན་འཚོ་བའི་ཉེར་སྤྱོད་བཤིག་ཕབ་བྱེད་པའམ་རིག་ལྡན་འཚོ་བའི་ཉེར་སྤྱོད་ཀྱི་གཞི་གྲངས་གཙང་སེལ་བྱེད་པའམ་ཁྱེད་རང་གི་ཧྭ་ཝེའི་ཐོ་ཨང་བསུབ་སྐབས་སུ། ཉར་ཚགས་བྱས་པའི་གཞི་གྲངས་ཚང་མ་འཕྲལ་དུ་གསུབ་སྲིད།

ཞབས་ཞུ་ཆས་སུ་ཉར་ཚགས་བྱས་པའི་རིག་ལྡན་སྒྲིག་ཆས་དང་ལས་སྒོའི་གཞི་གྲངས་ཀྱི་ཐད་ནས། ཁྱེད་ཀྱིས་རིག་ལྡན་འཚོ་བའི་ཁྲོད་ནས་སྒྲིག་ཆས་སམ་བཟོ་ལྗོངས་ཤོག་བྱང་བསུབ་པ། ཧྭ་ཝེའི་ཐོ་ཨང་ཐོ་ཁོངས་ནས་གསུབ་པའམ། ཡང་ན་ངའི་ནས་སྒྲིག་འགོད། སྐོར་དུ་བསྐྱོད་དེ་ཞབས་ཞུ་མཚམས་འཇོག་ལ་རྡེབ་པ་མ་ཟད་རིག་ལྡན་འཚོ་བའི་ཞབས་ཞུ་སྤྱོད་མཚམས་འཇོག་སྐབས། གསོག་ཉར་བྱས་པའི་གཞི་གྲངས་ཚང་མ་འཕྲལ་མར་བསུབ་རྒྱུ་དང་། ཁྱེད་རང་གི་ངའི་བཟོ་ལྗོངས་དྲ་ངོས་སུ་བཟོ་ལྗོངས་ཤོག་བྱང་བསུབ་རྗེས་བཟོ་ལྗོངས་ཤོག་བྱང་གི་ཆ་འཕྲིན་འཕྲལ་མར་སུབ་ཀྱི་རེད།

ཞབས་ཞུ་ཆས་ཀྱི་ཐོག་གསོག་འཇོག་བྱས་པའི་ལས་སྒོའི་ཉིན་ཐོ་དང་། བསྡོམས་རྩིས་གཞི་གྲངས། འཁོར་སྐྱོད་བྱེད་སྒོའི་གཞི་གྲངས། ལོ་རྒྱུས་ཟིན་ཐོ་བཅས་ལ་མཚོན་ན། ང་ཚོས་དུས་ངེས་ཅན་མིན་པར་ཞབས་ཞུ་ཆས་ཀྱི་གཞི་གྲངས་གཙང་སེལ་བྱེད་སྐབས་གསུབ་སྲིད་དེ། གཞི་གྲངས་ཉར་ཚགས་བྱེད་ཡུན་ལོ་གཉིས་(2)ལས་མི་བརྒལ།

བྱ་དགའི་རྒྱན་ལེན་དང་། དངུལ་བརྗེའི་འབྲེལ་ཡོད་ཀྱི་ཆ་འཕྲིན་གཞི་གྲངས་ཉར་ཚགས་བྱེད་ཡུན་ལོ་གཉིས་(2)ཡིན།

ཞབས་ཞུ་ཆས་སུ་ཉར་ཚགས་བྱས་པའི་སྒྲིག་ཆས་རིམ་སྤོར་གྱི་གཞི་གྲངས་ལ་མཚོན་ན། ཉར་ཡུན་ནི་སྤྱིར་བཏང་དུ་ཟླ་བ་དྲུག་(6)ལས་མི་བརྒལ། འོན་ཀྱང་གཞི་གྲངས་འདི་དག་ལས་སྒོའི་འཁོར་སྐྱོད་དབྱེ་ཞིབ་ཀྱི་བཟོ་ལྗོངས་སུ་སྤྱོད་སྐབས། ཉར་ཡུན་ནི་ལོ་བདུན་(7)ལས་མི་བརྒལ།

གལ་ཏེ་ཁྱེད་ཀྱིས་ཧྭ་ཝེའི་ཐོ་ཨང་སྤྱོད་དགོས་ཚེ། ང་ཚོས་གསང་བའི་གསལ་བསྒྲགས་འདིར་བརྗོད་པའི་ཁྱེད་ཀྱི་མི་སྒེར་གྱི་ཐོ་ཨང་གི་ཆ་འཕྲིན་གཏན་དུ་ཉར་ཚགས་བྱེད་ངེས། དེ་ནི་ཁྱེད་ཀྱིས་རྒྱུན་ལྡན་བཞིན་ཧྭ་ཝེའི་ཐོ་ཨང་དང་འབྲེལ་ཡོད་ཀྱི་ཧྭ་ཝེའི་ཞབས་ཞུ་སྤྱོད་ཐུབ་པར་ཁག་ཐེག་བྱ་ཆེད་ཡིན། ཁྱེད་ཀྱིས་ཐོ་ཁོངས་བསུབ་འདོར་བྱ་རྗེས་ང་ཚོས་ནམ་ཡང་ཁྱེད་རང་གི་རྩིས་ཐོའི་ཨང་གྲངས་འོག་གི་རྒྱུ་ཆ་དང་། ཡིག་ཆ། དང་གྲབས་ཉར་གསོག་འཇོག་ནང་དོན་བཅས་ཚང་མ་བསུབ་རྒྱུ་ཡིན།

དེ་མིན། ང་ཚོའི་ཐོན་རྫས་སམ་ཞབས་ཞུ་ལ་ཚོང་གཉེར་བྱེད་མཚམས་འཇོག་པའི་གནས་ཚུལ་བྱུང་དུས། ང་ཚོས་བརྡ་ཐོ་མཉམ་གཏོང་དང་སྤྱི་བསྒྲགས་སོགས་ཀྱི་རྣམ་པས་ཁྱེད་ལ་བརྡ་གཏོང་བ་དང་། མ་ཟད་ལུགས་མཐུན་གྱི་དུས་བཀག་ནང་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་བསུབ་པའམ་ཡང་ན་མིང་མི་འགོད་པའི་ཐག་གཅོད་བྱེད།

10 སྤྱོད་མཁན་གྱི་ཁེ་དབང་དང་འབྲེལ་བའི་གསལ་འདེབས་བྱ་དགོས་པའི་དོན་ཚན་དང་འགན་མེད་ཀྱི་རྒྱུ་རྐྱེན་གཞན་དག

ཁྱེད་ཀྱིས་རིག་ལྡན་འཚོ་བའི་ཉེར་སྤྱོད་ཀྱི་མཚམས་ངོས་བརྒྱུད་དེ་ཕྱོགས་གསུམ་པའི་དྲ་ཚུགས་སམ་ཚོད་འཛིན་མཚམས་ངོས་འགའ་རེའི་ནང་དུ་འཛུལ་ཆོག་སྟེ། ཁྱེད་ཀྱིས་མགྱོགས་ལ་སྟབས་བདེ་བའི་ཞབས་ཞུ་ལོངས་སུ་སྤྱོད་བདེ་བའི་ཆེད་དུ་ཡིན། མཚམས་ངོས་འདི་ཚོ་ནི་ཕྱོགས་གསུམ་པས་ཁེར་རྐྱང་དུ་མཁོ་འདོན་བྱེད་ཅིང་། ཧྭ་ཝེ་ཡིས་དྲ་ངོས་ཀྱི་ནང་དོན་དང་ཞབས་ཞུ། ཆ་འཕྲིན་སོགས་ཀྱི་ཐད་ལ་གསལ་སྟོན་ནམ་ཟུར་བསྟན་ཐོག་གི་ཁག་ཐེག་ཅི་ཡང་མཁོ་འདོན་མི་བྱེད།

ཁྱེད་ཀྱིས་རང་ཚུགས་ཀྱིས་ཁྱེད་དང་སྦྲེལ་བའི་དྲ་ཚུགས་ཕན་ཚུན་གྱི་བྱ་སྤྱོད་ལ་བརྡར་ཤ་གཅོད་དགོས། ཁྱེད་ཀྱིས་ཐེངས་དང་པོར་ཕྱོགས་གསུམ་པའི་དྲ་ངོས་ནང་དུ་མ་འཛུལ་གོང་ལ། ཕྱོགས་གསུམ་པའི་ཞབས་ཞུ་མཁོ་འདོན་ཚོང་པས་ཁྱེད་ལ་འབྲེལ་ཡོད་ཀྱི་གྲོས་མཐུན་དང་གསང་བའི་གསལ་བསྒྲགས་སྟོན་སྲིད། ཁྱེད་ཀྱིས་གྲོས་མཐུན་དང་གསང་བའི་གསལ་བསྒྲགས་འདི་ཚོ་ནན་ཏན་གྱིས་དཔེ་ཀློག་གནང་རོགས། ཕྱོགས་གསུམ་པའི་ཀུང་སི་འདི་དག་གིས་ཁྱེད་ཀྱི་ཧྭ་ཝེའི་ཐོ་ཨང་ལས་འགྱུར་སྐྱེས་ཀྱི་སྒོ་འབྱེད་ ID བེད་སྤྱད་ནས་གཞི་གྲངས་བསྡུ་རུབ་བྱེད། གོང་བརྗོད་ཀྱི་གཞི་གྲངས་ནི་ཕྱོགས་གསུམ་པས་ཁེར་རྐྱང་དུ་ཐག་གཅོད་བྱེད་ཅིང་། ཧྭ་ཝེ་ཡིས་གཞི་གྲངས་འདི་ཚོར་རེག་ཐབས་བྲལ།

11 ང་ཚོ་དང་ཇི་ལྟར་འབྲེལ་བ་བྱེད་དམ།

ང་ཚོས་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་ཀྱི་འགན་འཁུར་བ་དམིགས་འཛུགས་བྱས་ཡོད་པ་དང་། ཁྱེད་ཀྱིས་སྦྲེལ་མཐུད་འདི་ (https://consumer.huawei.com/cn/legal/privacy-questions/)བརྒྱུད་ནས་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བྱེད་པའི་འགན་འཁུར་མཁན་དང་འབྲེལ་གཏུག་བྱས་ཆོག ཁྱེད་ཀྱིས་སྒེར་གསང་གནད་དོན་གྱི་དྲ་ངོས་ (https://consumer.huawei.com/cn/legal/privacy-questions/)ལ་ལྟ་སྤྱོད་བྱེད་པ་བརྒྱུད་ནས་ང་ཚོ་དང་འབྲེལ་བ་བྱེད་ཆོག ང་ཚོས་གང་མགྱོགས་ཀྱིས་ལན་བསློག་ངེས་ཡིན།

གལ་ཏེ་ཁྱེད་ཀྱིས་ང་ཚོ་ནས་ལན་བསློགས་པ་དེ་བློ་ལ་མ་བབ་ན། ལྷག་པར་དུ་ང་ཚོའི་མི་སྒེར་གྱི་ཆ་འཕྲིན་ཐག་གཅོད་པའི་བྱ་སྤྱོད་ཀྱིས་ཁྱེད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་བ་ཡིན་ཚེ། ཁྱེད་ཀྱིས་དོ་དམ་དབང་ཆ་ཡོད་པའི་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་རྒྱག་པ། ལས་རིགས་རང་བདག་མཐུན་ཚོགས་སམ་སྲིད་གཞུང་གི་འབྲེལ་ཡོད་དོ་དམ་ལས་ཁུངས་ལ་ཞུ་གཏུག་རྒྱག་པ་སོགས་ཀྱི་ཕྱི་རོལ་ཐབས་ལམ་བརྒྱུད་ནས་ཐག་གཅོད་བྱེད་ཆོག ཁྱེད་ཀྱིས་ཀྱང་ང་ཚོའི་ཕྱོགས་ནས་སྤྱད་འཐུས་ཀྱི་འབྲེལ་ཡོད་ཞུ་གཏུག་ཐབས་ལམ་གྱི་ཆ་འཕྲིན་ལ་རྒྱུས་ལོན་བྱ་ཆོག

ཧྭ་ཝེ་ཡིས་ཐོག་མཐའ་བར་གསུམ་དུ་ང་ཚོའི་སྒེར་གསང་སྲིད་ཇུས་ལ་བརྩི་སྲུང་བྱས་ནས་ཁྱེད་ཀྱི་ཆ་འཕྲིན་བསྡུ་རུབ་དང་བེད་སྤྱོད་བྱེད། ང་ཚོའི་སྒེར་གསང་སྲིད་ཇུས་སྐོར། ཧྭ་ཝེའི་འཛད་སྤྱོད་པའི་ལས་སྒོའི་སྒེར་གསང་གསལ་བསྒྲགས་(https://consumer.huawei.com/minisite/legal/privacy/statement.htm?code=CN&language=bo-CN)ལ་ཟུར་དཔྱད་བྱ་ཆོག